རིག་པའི་རལ་གྲི།

གཟར་ཞིང་རིང་བའི་རྐང་ལམ་ཕྲ་མོ་བརྒྱུད།  །མཐོ་ཞིང་བརྗིད་པའི་ས་འཛིན་ཕྲག་ཏུ་འཛེགས།  །མི་སྲུན་བདུད་སྤྲུལ་ཡིད་འཕྲོག་ལུས་ཕྲ་མས།  །བྱམས་པའི་ཟོལ་གྱིས་སྔོན་གྱི་མལ་དུ་སྐྱུར།  སྟེས་དབང་ལེགས་པའི་གཞུ་ཡིས་འཕང་པའི་མདའ།  །གསེར་འཕྲུའི་རྩེ་རུ་རེ་ཞིག་མཛེས་གྱུར་ཀྱང༌།  །ཐབས་ཤེས་དཔུང་པའི་རྩལ་གྱིས་མ་འདངས་པས།  །མི་རིང་ས་ལ་ཟག་པའི་པའི་ཚུལ་འདི་གཟིགས