ཀ་རྩོམ་ཁ་ནས་ག་ཐོན་མི་ཤེས་ང་།

ཀ་ཁ་རིག་པའི་གཞུང་ལུགས་མ་རྟོགས་རྩོམ་པའི་ལས་ལ་སྤྲོ་བར་འཕེལ། །

ཁ་མདོག་དཀར་དམར་རིག་ལམ་མ་ཆགས་རྩོད་པའི་གླེག་བམ་བཞག་ལ་འབེལ། །

ག་སོང་དོན་གྱི་སྙིང་པོ་མ་ངེས་འཆད་པའི་སྤོབས་པ་རི་ལས་མཐོ། །

ང་དང་འདྲ་བའི་རློམས་ཆེན་པ་རྣམས་དེང་སང་མཁས་པའི་གྲལ་དུ་ཚུད། །