མགོ་ནས་རྐང་འཐུལ་བར་དུ།

 

ལག་མགོ་ཚུར་ལ་བསྟན་པའི་བུད་མེད་ཅིག།

རྐང་བ་དཀར་ཤིང་གཟུགས་གཞི་མཛེས་ན་ཡང་།།

ཕྲག་མགོ་མཐོ་དམན་ཤོར་བ་མཐོང་དུས་སུ།།

ལྟོ་བའི་ཆེད་དུ་ཆགས་སྲེད་བྱེད་པ་ལས།།

པུས་མོ་བཙུགས་ནས་སློང་ཞིག་བྱེད་ཀྱང་ཆོག།

ལུང་བུ་འདར་ཞོར་སྔུན་དུ་སོང་དུས་སུ།།

རྐང་མགོ་རྡོ་དང་ཚེར་མར་ཡང་ཡང་འཕྲད།།

རྒྱབ་ཀྱི་མི་ཚེ་འདི་ལ་བསམ་ཐེངས་རེར།།

གྲུ་མོ་གཡུག་བཞིན་ལས་ཀའི་དཀའ་ཚེགས་ཁྲོད།།

རྐེད་པ་ན་ཡང་ཟུག་རྔུ་བསྲན་ཞོར་ལ།།

འཕོངས་ཚོས་ཕྲ་བའི་བུད་མེད་སྐེད་ཕྲ་ཚོའི།།

བརླ་ཤ་དཀར་པོའི་བར་གྱི་ནགས་ཚལ་དེ།།

སྒྱིད་ཁུང་འདར་བཞིན་མིག་གི་སོ་ཉུལ་བྱས།།