དགེ་ལུགས་རྒྱུགས་སྤྲོད་ཆེན་མོ།
ཟླ་འདིའི་ཚེས་༡ ནས་༡༧ བར་ཉིན་གྲངས་༡༧ རིང་གདན་ས་ཆེན་མོ་སེ་ར་ཐེག་ཆེན་གླིང་དུ་དགེ་ལུགས་རྒྱུགས་སྤྲོད་ཆེན་མོ་འཚོག་བཞིན་ཡོད་པ་དང༌། གདན་ས་ཆེན་མོ་གསུམ་གྱི་གྲྭ་ཚང་དྲུག་གི་རྒྱུགས་སྤྲོད་གནང་མཁན་མི་གྲངས་༥༤༠ དང་རྒྱུགས་ལེན་མཁན་གྲྭ་ཚང་དྲུག་གི་མཁན་རིན་པོ་ཆེ་དྲུག་དང། གཞན་ཡང་གྲྭ་ཚང་རེ་ནས་དགེ་བཤེས་བཞི་རེ་ཡོད་པ་རེད། རྒྱུགས་སྤྲོད་ཀྱི་ནང་གསེས་རྩོད་རྒྱུགས་དང། བྲིས་རྒྱུགས་གཉིས་ཀ་ཡོད་པ་དང། རྒྱུགས་སྤྲོད་གནང་སྟངས་དེ་ཡང་སྲོལ་རྒྱུན་གཞིར་བཟུང་ཐོག་དེང་དུས་ཀྱི་འགྲོ་ལུགས་དང་མཐུན་པའི་སྒོ་ནས་རྒྱུགས་སྤྲོད་གནང་གི་ཡོད་སྐོར་དང༌། དེ་བཞིན་ལོ་རེར་དགེ་ལུགས་རྒྱུགས་སྤྲོད་ལ་གྲྭ་ཚང་རེ་ནས་གྲྭ་པ་གྲངས་༢༥ རེ་ལས་འགྲོ་རྒྱུའི་གོ་སྐབས་རག་གི་མེད་པས། ལོ་རྗེས་མ་ནས་དགེ་འདུན་པའི་ཞལ་གྲངས་ཡར་སྤར་དགོས་མིན་སྐོར་ལ་ཚོགས་འདུ་ཞིག་ཀྱང་གདན་སའི་མཁན་དགེ་ལས་རྣམས་སེ་རར་འཚོགས་ཡོད་སྐོར་རྒན་སངས་རྒྱས་ལགས་ཀྱིས་འགྲེལ་བརྗོད་གནང་སོང།
མོན་གྷོ་གསར་འགོད་པས།