མཚར་གཏམ་ཁག་ཅིག

ཁང་པའི་བཟོ་བཀོད་པ་དེ་ལུགས་ཀྱི་ཉལ་ཁྲིར་ཉལ་མ་ཐག་ལྕམ་དེའི་ཁྱོ་བོ་གློ་བུར་དུ་ཕྱིར་ཁྱིམ་དུ་སླེབས་ཡོད་པ་རེད།ཁྱོ་བོས་ཁོའི་མིག་མདུན་གྱི་གནས་སྟངས་དེ་དག་མཐོང་ནས་ཁོང་ཁྲོ་མེ་ལྟར་འབར་ཞིང༌། ཁང་པ་བཟོ་བཀོད་པར་ཁྱོད་ངའི་ཨ་ཅེའི་ཉལ་ཁྲིར་ཉལ་ནས་གང་བྱེད་ཀྱི་ཡོད།ཅེས་དྲིས་སྐབས།ཁང་པ་བཟོ་བཀོད་པ་སྐད་འདར་སིག་སིག་ངང་ནས་ངས་མེ་འཁོར་སྒུག་ནས་ཡོད་ཟེར་ན་ཁྱེད་རང་ཡིད་ཆེས་སམ་ཞེས་ལན་བཏབ་པ་རེད།

བསླབ་བྱ། མི་ཁ་ཤས་ཀྱིས་སྐད་ཆ་བདེན་པ་བཤད་ཀྱང་ཉེན་མཁན་ཚོས་རྫུན་མ་གོ་བ་དང༌། སྐད་ཆ་ཁག་ཅིག་རྫུན་མ་ཡིན་ཡང་ཉེན་མཁན་གྱིས་བདེན་པར་གོ་བཞིན་ཐེ་ཚོམ་ཙམ་ཡང་བྱེད་ཀྱི་མེད་པ་དེའོ།

2།དཔེ་དེབ་བཙོང་བ།

རྩོམ་པ་པོ་གྲགས་ཅན་ཞིག་དཔེ་མཛོད་ཁང་ཞིག་ཏུ་ལྟ་བསྐོར་ཡོང་གི་ཡོད་སྟབས།དཔེ་མཛོད་ཁང་དེའི་འགན་འཛིན་དགའ་སྤྲོ་ཚད་མེད་སྐྱེས་ཤིང༌།དཔེ་མཛོད་ཁང་ནང་གི་དཔེ་དེབ་གཞན་ཚང་མ་བསྡུ་བསྲོག་བརྒྱབ་རྗེས།རྩོམ་པ་པོ་གྲགས་ཅན་དེའི་དཔེ་དེབ་ཤ་སྟག་བསྒྲིག་གཤམ་བྱས་པ་རེད།རྩོམ་པ་པོ་དེ་དཔེ་མཛོད་ཁང་དུ་སླེབས་རྗེས་དགའ་སྤྲོ་ཆེན་པོས།ཁྱེད་ཚོའི་དཔེ་མཛོད་ཁང་འདིས་ངའི་དཔེ་ཆ་གཅིག་པུར་བཙོང་གི་ཡོད་དམ་།ཞེས་དྲིེས།དཔེ་མཛོད་འགན་འཛིན་གྱིས་དེ་མུར་དེ་འདྲ་ག་བར་ཡིན།དཔེ་དེབ་གཞན་དེ་དག་ཚོང་ལམ་ཡག་པོ་ཡོད་སྟབས་ཡོངས་རྫོགས་བཙོང་ཚར་སོང༌། ཞེས་ལན་སྤྲད་ཡོད་པ་རེད།

བསླབ་བྱ།ངོ་དགའ་སྤྲེལ་ལད་འཁྲབ་པ་ནི་ཁྱད་མཚར་བ་ཞིག་སྟེ།ཁྱོད་ཀྱིས་ཕ་རོལ་པོར་ངོ་དགའ་འཁྲབ་པའི་ཟོལ་དེ་དུས་མཚུངས་སུ་ཕ་རོལ་པོར་དམའ་འབེབ་ལྟ་བུའང་གྱུར་གྱི་ཡོད་དོ།

3། འཕྲིན་ལན།

མི་ཞིག་དབྱིན་ཡུལ་དུ་ཕྱིན་པའི་ཞོལ་དུ་དེར་བསྡད་པའི་གྲོགས་པ་རྙིང་པ་ཞིག་ཐུག་བསམ་ཡོད་ཀྱང༌།གྲོགས་པོ་དེའི་བསྡད་གནས་ཁ་བྱང་བརྗེད་སོང་བར་བརྟེན།ཁོས་ཁྱིམ་གྱི་ཕ་རྒན་ལ་མྱུར་འཕྲིན་ཞིག་བཏང་བའི་ནང༌། པ་ལགས། ཁྱེད་ཀྱིས་ངའི་གྲོགས་པོ་ཐོ་མ་ཟའི་བསྡད་གནས་ཧ་གོ་ཡི་ཡོད་དམ་ཞེས་བྲིས་ཡོད་པ་རེད།པ་ལགས་ཀྱིས་བུའི་འཕྲིན་ལན་དུ་འདི་ལྟར་བྲིས་ཡོད་དེ། ཧ་གོ་ཡི་ཡོད། ཅེས་པ་དེ་ཁོ་ན་རེད།

བསླབ་བྱ།ང་ཚོས་སོ་སོར་དགོས་པའི་ལན་དངོས་བདེན་དེ་རག་དུས་དེ་ནི་ཆེས་ཕན་མེད་ཀྱི་ལན་ཞིག་ཡིན་པ་གཞི་ནས་ཤེས་ཀྱི་ཡོད།

4། ཡིད་སྐྱོ་བའི་གཏམ་རྒྱུད།

གྲོགས་པོ་གསུམ་ནུའུ་ཡོག་གྲོང་ཁྱེར་དུ་དགོང་སེང་ཕྱིན་པ་དང༌།མགྲོན་ཁང་མཐོ་བརྩེགས་45སྒང་དུ་ཆ་འགྲིག་གི་ཁང་པ་ཞིག་གླས་ནས་བསྡད་པ་རེད།མཚན་ཞིག་ལ་གློག་འདྲེན་སྐས་འཛེགས་ལ་སྐྱོན་ཤོར་སྟབས།མགྲོན་ཁང་ཞབས་ཞུ་བས་ཁོ་ཚོ་འོག་གི་སྣེ་ལེན་ཁང་ཆེན་ཞིག་ཏུ་བཀོད་སྒྲིག་བྱས།དེ་ནས་ཁོ་གསུམ་གྲོས་བསྡུར་བརྒྱུད་ཕྱིར་སོ་སོའི་གླས་ཁང་དུ་འགྲོ་རྒྱུའི་ཐག་བཅད་ཅིང༌།མི་རེ་ངོ་རེ་ནས་མཚར་གཏམ་དང་ཡང་ན།གླུ་གཞས་གཏོང་རྒྱུ།ཡང་ན་གཏམ་དཔེབཤད་རྒྱུར་མོས་མཐུན་གཅིག་མཚུངས་བྱུང༌།སྐས་འཛེག་སྒང་ནས་འགྲོ་གིན་མཚར་གཏམ་བཤད་པ་དང༌།གླུ་གཞས་བཏང་བ།དེ་བཞིན་གཏམ་དཔེ་འདྲ་ཡང་བཤད་མཐར།ཐོག་རྩེག་23ཐོག་སླེབས་སྐབས།ཚང་མ་དཀའ་ལས་ཆེན་པོ་མྱོང་བ་དང༌། གཅིག་གིས་གྲོགས་པོ་པིའི་ཏེ། ད་ཁྱོད་ཀྱིས་གཏམ་དཔེ་མཚར་པོ་ཞིག་ཤོད་དང༌། ཞེས་རེ་བ་བཏོན་པར། གྲོགས་པོ་པིའི་ཏེས་།གཏམ་དཔེ་རིང་པོ་ང་ལ་བཤད་རྒྱུ་མེད།འོན་ཀྱང་ཚང་མར་སྐྱོ་སེམས་རབ་ཏུ་འཚུབ་ཐུབ་པ་ཞིག་བརྗོད་ཆོག གང་ཡིན་ཟེར་ན།ང་ཚོའི་ཁང་པའི་སྡེ་མིག་འོག་ཁང་དུ་ལོས་འདུག་ཅེས་བརྗོད་ཡོད་པ་རེད།

བསླབ་བྱ།ང་ཚོ་སྐྱོ་བར་བརྟེན་ནས་ང་ཚོ་དགོད་བྲོ་བར་གྱུར་ཞིང༌།དགོད་བྲོ་བ་གྱུར་བའི་རྐྱེན་གྱིས་ང་ཚོར་སྤྲོ་བའང་འཕེལ་གྱི་ཡོད་དོ།