ྋརྒྱལ་བའི་ཞབས་བརྟན།
སྐབས་དེར་ས་གཞོན་ཚོགས་གཙོ་པདྨ་ཚེ་དབང་ལགས་ཀྱིས། དེ་རིང་ཨ་རིའི་རྒྱལ་ཡོངས་སྤྱི་འབངས་ཐོབ་ཐང་འགྲེམས་སྟོན་ཁང་ནས་ྋསྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱལ་སྤྱིའི་རང་དབང་གཟེངས་རྟགས་འབུལ་བཞེས་གནང་གི་ཡོད་པ་རེད། ང་ཚོར་དགྲ་ཕྱོགས་ནས་ྋརྒྱལ་བ་རིན་པོ་ཆེར་སྐུར་འདེབས་དང་མཚན་སྨོད་བྱས་ནའང་ཚོར་སྣང་གང་ཡང་མེད་པ་དང། གཉེན་ཕྱོགས་ནས་གཟེངས་རྟགས་ཕུལ་བ་ཡིན་ཡང་ཚོར་བ་མེད་པར་བསྡད་ན་ང་ཚོ་ྋརྒྱལ་བ་རིན་པོ་ཆེའི་འབངས་མི་སེར་དང་བོད་མི་རིགས་ཡིན་པའི་ཆ་ནས་ལས་འགན་འགྲུབ་ཀྱི་ཡོད་མ་རེད། ང་ཚོས་ངེས་པར་དུ་རྒྱུན་ཆད་མེད་པར་བོད་དོན་ཆེད་ལས་ཀ་བྱེད་དགོས་སྐོར་སོགས་གསུངས་ཡོད་པ་རེད།། མེ་སོར་གསར་འགོད་པས།