འགྱིག་ཤོག་བཀག་འགོག

ཟླ་འདིའི་ཚེས་༢༣ ཉིན་ཕྱི་དྲོ་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་ས་གནས་འགོ་འཛིན་ལས་ཁང་གི་གོ་སྒྲིག་འོག་ཁོར་ཡུག་གཙང་མ་བཟོ་ཕྱིར་འགྱིག་ཤོག་བེད་སྤྱོད་བྱེད་རྒྱུ་མིན་ཞེས་པའི་བརྗོད་གཞིའི་ཐོག་ཟབ་སྦྱོང་ཞིག་མོན་གྷོ་གཞིས་སྤྱིའི་ཚོགས་ཁང་དུ་འཚོགས་ཡོད་པ་རེད། དེའི་སྐབས་འགྱིག་ཤོག་གི་ཁོར་ཡུག་གནོད་སྐྱོན་བྱུང་སྟངས་ངོ་སྤྲོད་གནང་བ་དང། རྗེས་སུ་མི་ཚང་མས་སྒྲིག་གཞི་བཞིན་འགྱིག་ཤོག་བེད་སྤྱོད་བྱེད་མི་རུང་བའི་སྐོར་གསུངས་ཡོད་པ་རེད།།        མོན་གྷོ་གསར་འགོད་པས།