སྤྱི་འཐུས་སྒེར་གྱི་གྲོས་ཆོད་གྲོས་འཆར།

གྲོས་ཆོད། 

རྒྱ་དམར་གྱིས་བོད་བཙན་བཟུང་བྱས་པ་ནས་བཟུང་གཡོན་ཐལ་ནོར་འཁྲུལ་ཅན་གྱི་སྲིད་བྱུས་རབས་དང་རིམ་པ་བཤམས་པ་དེས་བོད་རྒྱལ་ཁབ་འདིར་ལོ་རྒྱུས་ཐོག་བྱུང་མྱོང་མེད་པའི་གྱོང་གུན་ཚབས་ཆེན་ཕོག་པ་མ་ཟད། ད་ལྟའང་དཔལ་འབྱོར་འཛུགས་སྐྲུན་དང་ས་གནས་ཡར་རྒྱས་གཏོང་དགོས་ཀྱི་ཚིག་སྙན་འོག་བོད་རིགས་ཡོངས་རྫོགས་རྒྱ་མིར་བསྒྱུར་བའི་སྲིད་བྱུས་ངན་པ་དང༌། ལས་གཞི་སྣ་ཚོགས་ལག་བསྟར་བྱས་དང་བྱེད་བཞིན་པ་དང༌། དམིགས་བསལ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་བཙུགས་ནས་མི་ལོ་ཧྲིལ་པོ་ ༦༠ འཁོར་བའི་དུས་དྲན་དང་སྟབས་བསྟུན་ཏེ་དོན་དངོས་དང་མི་མཐུན་པའི་ཁྱབ་བསྒྲགས་དང་རྣམ་འགྱུར། ལག་ལེན་བསྟར་བཞིན་པ་བཅས་ལ་ངོས་ལེན་བྱ་ཐབས་མེད་པའི་སྤྱི་མོས་གྲོས་ཆོད་དུ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ ༢༠༠༩ ཟླ་ ༩ ཚེས་ ༡༨ ལ།། 

 

གྲོས་འཆར་འདོན་མཁན་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན། 

རྒྱབ་སྐྱོར་གནང་མཁན་སྤྱི་འཐུས་འབའ་བ་སྐལ་བཟང་རྒྱལ་མཚན།