བྱམས་བརྩེ་དང་བརྩི་བཀུར། ༧གོང་ས་མཆོག
ཁྱེད་རང་ཚོ་དེ་ཡང་རང་དབང་ལུང་པ་ནས་རང་དབང་ལོང་སྤྱད་བསྡད་ཡོད་པ་རེད། ད་ཡིན་ནས་ང་རང་ཚོའི་ཤ་ཁྲག་རུས་གསུམ་དེ་ཡོང་ས་དེ་ལུང་པ་གཞན་དག་ཞིག་ནས་ཡོང་བ་རེད། ང་རང་ཚོའི་ལུང་པ་ནས་ཡོང་བ་རེད། བྱས་ཙང་ང་ཚོ་ས་ཆ་ག་བ་བསྡད་ཡོད་པ་ཡིན་ནས། ང་རང་ལ་ཆ་བཞག་ན་བོད་པ་ཟེར་བ་ཞིག་དང་། ཁྱེད་རང་ཚོ་ཆ་བཞག་ན་རྒྱ་རིགས་ཟེར་བ་ཞིག་མ་ཤི་བར་དུ་བསྡད་ཡ་རེད།
དེ་འདྲ་ཞིག་ཡིན་དུས། ང་རང་ཚོ་སོ་སོའི་ལུང་བའི་གནས་ཚུལ་དེ་བརྗེད་ཐབས་མེད་པ་རེད། <འདིས་སྐབས་སུ་གསལ་བོ་ཞིག་གོ་མ་སོང་མོད། ཕལ་ཆེར་འདི་གསུངས་པ་ཡིན་པ་འདྲ་ཞིག་ཐོས་པས་འདིར་དྲངས་ཡོད།>སོ་སོའི་བུ་གུ་ཡིན་དུས་ཀྱི་གནས་ཚུལ་མགོའི་སྤུ་དཀར་པོ་ལོག་ཀྱང་བརྗེད་ཐབས་མེད་པ་རེད།
ཀྲུང་ཧ་མི་མང་སྤྱི་མཐུན་རྒྱལ་ཁབ་ཟེར་བ་དེ་ནི་མི་འབོར་མང་ཤོས་ཡོད་པའི་རྒྱལ་ཁབ་གཅིག་ཆགས་བསྡད་ཡོད་པ་རེད། ལོ་རྒྱུས་ཡོད་པ་ཞིག་ཆགས་བསྡད་ཡོད་པ་རེད། རིག་གཞུང་ཐོག་ནས་ལོ་ལྔ་སྟོང་གི་ལོ་རྒྱུས་ཡོད་པ་ཞིག་ཆགས་བསྡད་ཡོད་པ་རེད། བྱས་ཙང་ད་ལྟ་ཡིན་ནའི་རྒྱ་ནག་འདི་འཛམ་གླིང་འདིའི་སྒང་ལ་གལ་ཆེན་པོ་ཞིག་ཆགས་ཀྱི་ཡོད་པ་རེད། མ་འོངས་པ་ཡིན་ནའི་ཞེ་དྲགས་གལ་ཆེན་པོ་ཞིག་ཆགས་ཀྱི་ཡོད་པ་རེད།
དེ་འདྲ་ཡིན་དུས་རྩ་ནས། ད་སྟོབས་ཆེན་རྒྱལ་ཁབ་དེ་དངོས་ནས་རང་འཛམ་གླིང་འདིས་སྒང་ལ་ཡ་ ཞི་བདེ་བསྐྲུན་ཉིན་གཅིག་དང་། འཛམ་གླིང་འདིས་སྒང་ལ་ཕན་ཐོག་བྱེད་ཐུབ་ཉིན་གཅིག འཛམ་གླིང་འདིས་སྒང་ལ་ཞེད་སྣང་མ་སློང་ཉིན་གཅིག་ཆགས་ཡ་དེ་དངོས་ནས་གལ་ཆེན་པོ་རེད་འདུག
ད་ང་ཚོ་ཉིན་མ་གཉིས་གསུམ་ནང་ལོག་ལ། ལོ་ངོ་དྲུག་བཅུ་འཁོར་བའི་ཕྱོགས་ལ་གྲ་སྒྲིག་ཞེ་དྲགས་བྱེད་ཀྱི་ཡོད་པ་རེད། ཡིན་ཡང་། དམ་དྲགས་ཞེ་དྲགས་བྱེད་དགོས་ཆགས་འདུག ཧ་ཧ་ཧ་ཧ་གསུངས་ནས་བཞད་མོ་བཞད། ཁ་སང་ང་རྒྱ་མི་ཞིག་ཐུག་སོང་། ངེད་གཉིས་སྐད་ཆ་བཤད་རྒྱུ་བྱུང་། སྤྱིར་བཏང་ཡིན་ན་དུས་ཆེན་ཁྱད་པར་ཅན་དེ་ཚོ་ལ་མི་ཚང་མ་དགའ་དགའ་སྤྲོ་སྤྲོ་བྱེད་རྒྱུ་ཡོད་པ་རེད། ང་རྒྱ་གར་ལ་སླེབས་ནས་ལོ་ལྔ་བཅུ་ཕྱིན་པ་རེད། རྒྱ་གར་ནས་དུས་ཆེན་དེ་ཚོ་གཏོང་བའི་སྐབས་སུ་མི་་ཚང་མ་ལ་དགའ་བོ་བྱོས་ནས་བསྡོད་ཀྱི་ཡོད་པ་ལས་འདེད་འདེད་ཉོག་ཉོག་ཁ་བོ་གཅིག་ཀྱང་མི་འདུག
རྒྱ་གར་ལ་ཆ་བཞག་ན། རྒྱ་གར་ཤར་དང་ནུབ། རྒྱ་གར་ལྷོ་དང་བྱང་། སྐད་ཡིན་མི་འདྲ་བ་རེད། སྐད་ཡིག་མི་འདྲ་བའི་སྒང་དུ་རིག་གཞུང་ཀྱང་མི་འདྲ་བ་ཡོད་པ་རེད། སོ་སོའི་སོ་སོའི་ང་ཚོའི་སྐད་ཡིག་ཕྱུག་པོ་ཡིན། ང་ཚོའི་སྐད་ཡིག་ཡག་པོ་ཡིན་ཟེར་བ་དེ་ཚང་མས་ཤོད་བསྡོད་ཀྱི་ཡོད་པ་རེད། ཡིན་ནའི་ཚང་མ་ལ་ཞི་བདེ་མཐུན་སྒྲིལ། ལྷིང་འཇག་བཅས་ཡོང་ཚར་འདུག
ད་ཕར་བལྟས་ཚུར་བལྟས་བྱེད་དགོས་པ་ཞིག་མི་འདུག ཡིན་ནའི་ཀ་ཤི་མི་རེས་ཕྱོགས་ནས་ཉོག་ཕྲ་ཏོག་ཙམ་ཡོད་པ་རེད། དེ་ནི་པ་ཀི་སི་ཐན་གྱི་ཕྱོགས་ནས་བྱུང་བ་རེད། སྤྱིར་ན་རྒྱ་ནག་ནང་ལོག་དུ་དམ་དྲགས་ཤུགས་ཆེན་པོ་བྱེད་ཀྱི་འདུག དེ་ག་རེ་བྱས་ནས་རེད། བྱས་ཙང་ང་ཚོ་ཚང་མ་ལ་འགན་འདུག རྒྱ་ནག་སྟོབས་ཆེན་རྒྱལ་ཁབ་དེ་དངོས་ནས་དྲང་གནས་ཀྱིས་ཞི་བདེ། ག་རེ་ཟེར་དགོས་ཀྱི་ཡོད་པ་རེད། མི་ཚང་མ་ལ་སེམས་སྐྱིད་པོ་ཡོང་བ་ཞིག་གཏོང་བ་ལ་ང་ཚོ་ཚང་མས་སྒྲུབ་བྱེད་རེད།
ངས་ནམ་རྒྱུན་རྒྱ་ནག་གི་ཕོ་མོ་ཚོ་ལ་སྐད་ཆ་བཤད་བསྡད་ཡོད། དངོས་ནས་དྲང་གནས་ཀྱི་ཀྲུང་ཧ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དེ་སྟོབས་ཆེ་ཤོས་ཀྱི་རྒྱལ་ཁབ་དེ་འདྲ་ཞིག་ཆགས། ཨ་ནས་སྟོབས་ཆེན་པོའི་རྒྱལ་ཁབ་དེས་མིང་སུས་ཐོས་པ་ཡིན་ན། སེམས་ནང་དགའ་བོ་ཡོད་པ་ཞིག་ཆགས་ན། ང་ཚོ་བོད་ཀྲུང་ཧ་མི་དམངས་སྤྱི་མཐུན་གྱི་རྒྱལ་ཁབ་ཀྱི་ནང་དུ་བསྡད་ཡ་ལ་སྤོབས་པ་ཡོད། སྤོབས་པ་བྱེད་ཡ་ཞིག་ཡོད་པ་རེད་ཅེས་བཤད་བསྡད་ཡོད།
ཀྲུང་ཧ་མི་དམངས་སྤྱི་མཐུན་ཟེར་ནས་ཡོང་དུས། མི་ཚོས་དོགས་པ་ཟ་དགོས་པ་ཞིག་དང་། ཞེད་སྣང་སྐྱེ་དགོས་པ་ཞིག་བྱུང་བ་ཡིན་ན། ང་ཚོ་གྲང་ཉུང་མི་རིགས་དེ་ཚོ་ལ་དཀའ་ངལ་འཕྲད་ཀྱི་རེད་ལ། ཁྱེད་རང་ཚོ་རྒྱ་རིགས་གྲོགས་པོ་ཚོ་ལ་ཡང་དཀའ་ངལ་འཕྲད་ངེས་རེད།
ཡོ་གྲོབ་ཀྱི་ནང་གི་འབྲེལ་ཐག་འདི་རེད། 达赖喇嘛温哥华《加拿大首次汉藏论坛》发表演讲1
བཀའ་སློབ་དེ་ལ་གསན་མཁན་སུ་ཞིག་གིས་ངོས་ཐད་ནས་བདག་གིས་ཕབ་བཤུས་འདི་ལ་ནོར་བ་འདྲ་བྱུང་ཡོད་སྲིད་ན་དག་བཅོས་བྱེད་རོགས་ཞུ།