མོན་གྷོ་ས་གནས་སུ་གཞོན་ལྷན་གྱི་དུས་ཆེན།
དེ་ཡང་ཐོག་མར་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་བླངས་པ་དང། བདེན་ཚིགས་སྨོན་ལམ་སོགས་གསུངས་རྗེས། བོད་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་རྩ་ཆེའི་ཚེ་སྲོག་གི་འགྲོ་སྒྲོན་བཏང་བའི་དཔའ་བོ་དཔའ་མོ་ཚོར་གདུང་སེམས་མཉམ་བསྐྱེད་དང་མྱ་ངན་ངག་བཅད་གུས་འདུད་ཆེད་སྐར་མ་གཅིག་རིང་ཞུས་པ་དང། དེ་བཞིན་ས་གནས་གཞོན་ནུའི་ཚོགས་གཞོན་བློ་བཟང་ཚེ་རིང་ལགས་ཀྱིས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ངོ་སྤྲོད་དང་སྦྲགས་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཡོངས་ཁྱབ་གསུང་བཤད་སྒྲོགས་སྦྱང་གནང་ཡོད་པ་རེད། དེ་རྗེས་ས་འཐུས་ཚོགས་གཙོ་གུ་རུ་རྒྱལ་མཚན་དང་སློབ་སྤྱི་ཕུན་རབ་ཆོས་བཟང་གཉིས་ཀྱིས། བོད་ཀྱི་གཞོན་ནུ་ལྷན་ཚོགས་འདི་ནི་ང་ཚོའི་དགྲ་བོ་རྒྱ་མར་གྱི་སྙིང་ལ་ན་ཚ་བཟོ་བྱེད་ཞིག་ཆགས་ཡོད་པ་མ་ཟད། བོད་མི་རིགས་དང་རྒྱལ་ཁབ་ཀྱི་རྩ་དོན་ཐོག་འཛམ་གླིང་གི་ས་ཕྱོགས་གང་སར་སྙིང་སྟོབས་ཞུམ་མེད་ཐོག་ཕྱག་ལས་གནང་དང་གནང་བཞིན་ཡོད་པ་འདི་ལ་བསྔགས་བརྗོད་དང་རྗེས་སུ་ཡུ་རིང་ཞུ་བཞིན་ཡོད་སྐོར་དང། དེ་བཞིན་བཀའ་ཤག་སྐབས་གསུམ་པ་དང་སྤྱི་འཐུས་སྐབས་བཅོ་ལྔ་པ་འོས་འདེམས་སྐབས་བོད་ཕྱི་ནང་གཉིས་ཀྱི་ཛ་དྲག་གི་གནས་སྟངས་ལ་བསམ་བློ་བཏང་བའི་ཐོག་ལུགས་གཉིས་ཀྱི་མཁྱེན་ཡོན་ཚད་དང་ལྡན་པ་ཡོད་ས་རེ་འདེམས་རྒྱུ་མ་ནོར་བ་བྱེད་པ་དགོས་པ་གལ་ཆེ་བའི་སྐོར་གྱི་གསུང་བཤད་གནང་སོང༌། མོན་གྷོ་གསར་འགོད་པས།
