གླིང་སྒྲུང་འཛམ་གླིང་ཤུལ་བཞག་རིག་གནས་སུ་ཚུད་པ།

ལོ་རྒྱུས་ཡུན་རིང་ལྡན་པའི་བོད་ཀྱི་ཟློས་གར་དང་གླིང་སྒྲུང་གཉིས་ད་ནས་བཟུང་འཛམ་གླིང་གི་གར་སྟེགས་སྟེང་དུ་གོམ་ཞེང་ཆེན་པོས་མདུན་དུ་བསྐྱོད་འགོ་བརྩམས་པ་མཚོན་པ་རེད་ཅེས་བཀོད་འདུག  
སྤྱིར་གླིང་གེ་སར་རྒྱལ་པོའི་སྒྲུང་ནི་འཛམ་གླིང་འདིའི་ཐོག་ཏུ་དཔའ་བོའི་ལོ་རྒྱུས་བརྗོད་པའི་སྒྲུང་གཏམ་ཆེས་རིང་ཤོས་དེ་ཡིན་པ་སྔར་ནས་ཡོངས་གྲགས་ཡིན་པ་དང། ད་ལྟའི་ཆར་བོད་ཀྱི་ཐུན་མོང་མ་ཡིན་པའི་ཟློས་གར་རིག་གནས་དང། གླིང་སྒྲུང་འདི་གཉིས་འཛམ་གླིང་གི་དངོས་པོ་མ་ཡིན་པའི་རིག་གནས་ཤུལ་བཞག་གི་ཁོངས་སུ་ཚུད་པ་ནི་དགའ་འོས་པ་ཞིག་ཀྱང་ཆགས་ཡོད་པ་རེད།།