བདེན་པའི་འོད་སྣང་གི་གཟེངས་རྟགས།

བདེན་པའི་འོད་སྣང་གི་གཟེངས་རྟགས་དེ་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་བོད་དོན་ཐོག་དམིགས་བསལ་འབྲེལ་མཐུད་པ་གནང་མྱོང་མཁན་ལྕམ་སྐུ་ཇུ་ལི་ཡཱ་དམ་པ་དེ་ཉིད་དང་། སྔ་ལོའི་བོད་ནང་གི་ཞི་རྒོལ་གྱི་གནས་ཚུལ་ཐད་རྒྱ་གཞུང་ལ་དོན་ཚན་བཅུ་གཉིས་ཅན་གྱི་སྙན་ཞུ་ལ་མིང་རྟགས་བཀོད་མཁན་གྱི་རྒྱ་རིགས་མཁས་དབང་དང་རྩོམ་པ་པོ་རྣམས་ལ་ཕུལ་ཡོད་པ་དང། གཟེངས་རྟགས་དེ་བཞེས་པར་ལྕམ་ཇུ་ལི་ཡཱ་དམ་པ་དེའི་སྐུ་ཟླ་དང། རྒྱ་རིགས་རྣམས་ཀྱི་འཐུས་ཚབ་ལྟ་བུར་ནམ་རྒྱུན་རྒྱ་ནག་པེ་ཅིང་དུ་གཏན་སྡོད་བྱེད་མཁན་རྒྱ་རིགས་རྩོམ་པ་པོ་ཝང་ལི་ཞུང་རྣམ་གཉིས་ཕེབས་ཡོད་པ་རེད།།