གླུ་པ་གདུགས་དཀར་ཚེ་རིང་ལ་བྱ་དགའ་ཐོབ་པ།
ཧྲང་ཧའེ་རུ་ཡོད་པའི་བོད་རིགས་སློབ་གྲྭ་ཆེན་མོ་བ་མི་ཉུང་བ་ཞིག་ཀྱང་གླུ་གཞས་འགྲན་ཚོགས་ཐོག་ཡོང་ནས་གདུགས་དཀར་ཚེ་རིང་ལ་རྒྱབ་སྐྱོར་དང་སྐུལ་མ་བྱས་པར་གདུགས་དཀར་ཚེ་རིང་སེམས་འགུལ་ཆེན་པོ་ཐེབས་ཡོད་འདུག གདུགས་དཀར་ཚེ་རིང་གིས་གླུ་གཞས་སྐོར་བརྗོད་པ་ལྟར་ན། ཁོས་བླངས་པ་བོད་སྐད་ཀྱི་གཞས་ཡིན་ན་ཡང་། གླུ་གཞས་ཀྱི་ཤུགས་རྐྱེན་ཐེབས་ཡུལ་ནི་བོད་སྐད་ཀྱི་ཁྱབ་ཁོངས་ཁོ་ན་མ་ཡིན་པར། དེར་ཚད་བཀག་མེད་ཅེས་དང། ཁོང་གི་འདོད་ཚུལ་ལ། བོད་གཞས་ཀྱིས་བོད་མི་རིགས་ཀྱི་སྲོལ་རྒྱུན་གྱི་ཕུལ་བྱུང་རོལ་མོ་རྒྱུད་འཛིན་བྱེད་པ་དང་དུས་མཚུངས་དེང་རབས་ཀྱི་རོལ་མོའི་རིག་གནས་གསར་པ་ནང་འདྲེན་བྱས་ཏེ་གཉིས་ཀ་ཟུང་འབྲེལ་བྱེད་དགོས་པ་ལས། གསར་གཏོད་ཅི་ཡང་མེད་ན་དེ་འདྲ་མི་ལེགས་པ་རེད་ཅེས་ཀྱང་བརྗོད་ཡོད་པ་རེད་འདུག །
གསལ་བཤད། གདུགས་དཀར་ཚེ་རིང་ནི་དེ་སྔོན་བོད་ཡུལ་དུ་གྲགས་པའི་གླུ་པ་གདུགས་དཀར་ཚེ་རིང་མིན་པར་གསར་བྱུང་གི་གླུ་པ་ཞིག་ཡིན་པ་རེད།
བོད་ཀྱི་ཆ་འཕྲིན་ལྟེ་གནས་ལས་བཏུས།