དམིགས་བསལ་ཐུགས་སྨོན།
ཚང་མ་ལོ་གཞོན་པ་ཤ་སྟག་རེད་འདུག ཧ་ལས་པའི་སེམས་སྐྱོ་བོ་རེད། ཡིན་ནའང་ཞེ་དྲག་བྱེད་རྒྱུ་ཡོད་པ་མ་རེད། ང་ཚོས་ཚད་མེད་ཡོན་ཏན་མ་ཞིག་བཏོན་ནས། སྨོན་ལམ་རྒྱག་རྒྱུ་རཻད། ཚང་མས་སྐྱེ་བ་སྔ་ཕྱི་དང། ལས་རྒྱུ་འབྲས་ལ་ཡིད་ཆེས་བྱེད་ཀྱི་ཡོད་པ་རེད། དེ་ཙམ་དུ་མ་ཟད་ཉེ་ཆར་མི་མང་པོར་སྲོག་ཁྲིམས་ཀྱི་ཉེས་ཆད་བཅད་པ་ཡང་བྱུང་སོང་ཞེས་གསུངས་པ་དང། དེ་བཞིན་ཨི་རག་ནང་འབར་རྫས་གས་འཐོར་འོག་སྲོག་ཤོར་བའི་སྐོར་དང། འགྲོ་བ་སེམས་ཅན་ཐམས་ཅད་ལ་བསྔོ་བ་སྨོན་ལམ་བྱེད་དགོས་སྐོར་གསུངས་རྗེས་ྋགོང་ས་མཆོག་དང། བླ་སྤྲུལ་རྣམ་པས་དབུས་སེར་སྐྱ་མི་མང་གིས་ཚད་མེད་ཡོན་ཏན་མ་འུར་འདོན་གནང་ཡོད་པ་རེད།།