ཀ་ཕྲེང་འབྲུ་གསུམ་མ།
ཅ་ཅོ་སྒྲོག
ཆ་མེད་ཁྱོད།
ཇ་ཆང་རོལ།
ཉ་ཤ་ཟ།།
ཏ་ལོའི་རྒྱུད།
ཐ་མག་རྔུབ།
ད་དངུ་ཁྱོད།
ན་ཚའི་སེམས།།
པ་མགོའི་གཟུགས།
ཕ་མ་ཕུད།
བ་གདན་གཤམ།
མ་རྩ་བཙུགས༎
ཙ་རིའི་བློར།
ཚ་གྲང་རྒོད།
ཛ་དྲག་གཤིས།
ཝ་ལེར་མངོན༎
ཞྭ་ནག་གྱོན།
ཟ་གོས་ངོམས།
འ་འུར་སྒྲོག
ཡ་རབས་དབེན༎
ར་མ་ལུགས།
ལ་རྒྱ་མེད།
ཤ་ཞེན་བོར།
ས་ཐ་ནས།།
ཧ་ལོག་ཁྱོད།
ཨ་མཚར་ཆེ༎
