དབྱར་རྩྭ་དགུན་འབུའི་སྡེབ་ཚོང་ཁྲོམ་ར།

ལྷ་སའི་དཔལ་འབྱོར་གསར་སྤེལ་ཁུལ་གྱི་དབྱར་རྩྭ་དགུན་འབུའི་སྡེབ་ཚོང་ཁྲོམ་ར་དེའི་འཛུགས་སྐྲུན་རྒྱ་ཁྱོན་ལ་རྨིད་ངོས་སྙོམས་གྲུ་བཞི་མ༥༦༠༠ ཙམ་ཡོད་པས། འཛུགས་སྐྲུན་ལེགས་གྲུབ་ཟིན་རྗེས་དེ་ནི་རྒྱ་ནག་གིས་ཤོད་བཞིན་པའི་ཀྲུང་གོའི་ནུབ་རྒྱུད་ས་ཁུལ་གྱི་དབྱར་རྩྭ་དགུན་འབུའི་སྡེབ་ཚོང་ཁྲོམ་ར་ཆེ་ཤོས་ཤིག་ཏུ་འགྱུར་རྒྱུ་ཡིན་པ་རེད། མིག་སྔར། དབྱར་རྩྭ་དགུན་འབུ་ལས་གཉེར་བྱེད་མཁན་གྱི་ཚོང་དུད་༢༠༠ ལྷག་ཙམ་ཐོ་འགོད་ཟིན་པ་དང་། དེའི་ནང་ནས་ཚོང་དུད༡༤༨ ཙམ་ལོ་མཇུག་ཏུ་ཁྲོམ་ར་དེ་གའི་ནང་གནས་སྤོ་བྱེད་ཐུབ་པའི་རེ་ཡོད་པ་རེད་ཅེས་སྤེལ་འདུག །