མི་མང་ལ་སྨན་སྦྱིན་རོགས་རམ།

ཟླ་སྔོན་མའི་ཚེས་༢༧ ནས་ཉིན་གསུམ་རིང་འབྲས་བློ་གླིང་སྨན་ཁང་གི་གོ་སྒྲིག་འོག་མོན་གྷོ་ས་གནས་རྒྱ་གར་ཡུལ་མི་དང་བོད་མི་ཡོངས་ལ་རིན་མེད་ཐོག་སྨན་བཅོས་གནང་ཡོད་པ་དང། འབྲས་བློ་གླིང་གི་རོགས་སྐྱོར་འོག་སྨན་སྦྱིན་གྱིས་སྤྱི་ཚོགས་ཞབས་ཞུ་ཐེངས་མང་ཞུ་ཡི་ཡོད་པ་ལྟར། ད་ཐེངས་ཀྱི་སྨན་སྦྱིན་དེའི་སྐོར་འབྲས་བློ་གླིང་སྨན་ཁང་གི་འགན་འཛིན་རྒན་བསྟན་འཛིན་ལམ་བཟང་ལགས་ཀྱིས་འགྲེལ་བརྗོད་གནང་དོན། ཐེ་ཝན་གྱི་སྨན་པའི་རོགས་ཚོགས་ཤིག་ཕྱི་ལོ་༢༠༠༡ དང་༢༠༠༣ བཅས་སུ་བློ་གླིང་སྨན་ཁང་གིས་གདན་ཞུས་བཞིན་འདིར་ཕེབས་ནས་སྨན་བཅོས་བྱས་པའི་ཕན་འབྲས་བྱུང་ཡོད་པ་རེད། དེར་བརྟེན་ད་ལོ་ཡང་ཁོང་ཚོ་གདན་ཞུ་བྱས་པ་ཡིན། ཁོ་ཚོས་ནད་བརྟག་དཔྱད་བྱས་པ་གཞིར་བཟུང་གིས་སྨན་སྤྲོད་ཀྱི་ཡོད་པ་རེད་ཅེས་འགྲེལ་བརྗོད་གནང་སོང༌།།  མོན་གྷོ་གསར་འགོད་པས།