ཨ་མའི་བསླབ་བྱ།

འོན་ཀྱང་དེ་རིང་རང་གི་གྲོགས་པོ་ཞིག་གིས་སེམས་ཤུགས་ཡང་ཡང་སྤར་བ་དང་། རང་ཉིད་བོད་ཀྱི་བང་ཆེན་ཚགས་ཤོག་ཀློག་རྒྱུར་དགའ་པོ་ཡོད་པས། བང་ཆེན་ཟིན་བྲིས་ནང་གི་བསམ་ཚུལ་རྣམས་ལ་ལྟ་ཀློག་དང་། བསམ་ཚུལ་འབྲི་རེས་བྱེད་ཐུབ་ན། རང་གི་ལྟ་རྒྱ་ཐོས་རྒྱ་ཆེ་རུ་འགྲོ་བའི་གོ་སྐབས་རེད་བསམ་བྱུང་།

དེ་རིང་གི་ཉིན་མོ་ནི་རང་ཉིད་ལ་གྲུབ་འབྲས་ཐོན་པའི་ཉིན་མོ་ཞིག་ཡིན། ངའི་ཨ་མས་ཐབས་དང་ཤེས་རབ་ལྡན་ན་མི་འགྲུབ་པའི་བྱ་བ་གང་ཡང་མེད་ཅེས་ནམ་རྒྱུན་སློབ་གསོ་གནང་མྱོང་། སྐབས་དེའི་ཚེ་དེའི་རིང་དོ་སྣང་དེ་ཙམ་བྱེད་མྱོང་མེད་ཀྱང་། ཁ་སང་རང་ཉིད་ཀྱིས་ཟིན་བྲིས་ནང་འདྲ་པར་ཐེངས་བརྒྱ་ཙམ་བྱས་ནས་འབད་བརྩོན་བྱས་ཀྱང་གྲུབ་འབྲས་ཐོན་མ་བྱུང་། དེ་རིང་ཐབས་ཤེས་ཤིག་བློ་ལ་ཤར་ནས་ལག་བསྟར་བྱེད་དུས་ཨ་མས་བཤད་པ་དེ་དངོས་གནས་ཅི་འདྲ་བདེན་ཨང་།