ཕ་མའི་བསླབ་བྱ།

༄༅ མཛེས་སྡུག་ཡིད་དབང་འཕྲོག་པའི་ཕ་ཡུལ་གྱི་རྩ་ཐང་། ༌མེ་ཏོག་སྣ་བརྒྱ་བཞད་པའི་སྔོ་ལྗང་གི་ཞིང་དུ། སྒོ་ཟོག་གཡང་དཀར་ལུག་ཁྱུའི་འབའ་སྒྲ་དེ་ལྷང་ལྷང་། ཕྱུགས་རྫི་བྱང་ཆུབ་སེམས་དཔའི་མཛུམ་མདངས་དེ་ཤིག་ཤིག། སྨུག་སྤྲིན་ལང་ལོང་རྒྱུ་བའི་སྤང་ལྗོངས་ཀྱི་ངོས་ནས། གྱི་ལིང་རྟ་པོའི་འཚེར་སྐད་རྒྱང་རིང་དུ་མཆེད་ཅིང་། རོག་ཆུང་འབྲི་མོའི་ངུར་སྒྲ་སྦྲང་ཆར་གྱིས་གཤེར་ཚེ། ཕ་ཡུལ་འབྲོག་པའི་བཞིན་རས་འཛུམ་མདངས་ཀྱིས་འཁྱུད་སོང་། དངས་གཙང་རྫ་ཆབ་བསིལ་མ་ཤང་ཤང་གིས་བཞུར་ཞིང་། བསིལ་འཇམ་དྲི་གཞོན་ལྷ་མོ་ཟལ་ཟིལ་དུ་ལྡང་ཞིང་། དྲོད་ལྡན་ཉི་གཞོན་ཟེར་མ་དལ་བུས་ཀྱིས་འཕྲོས་ཚེ། ཕ་ཡུལ་ཡིད་དབང་འཕྲོག་པའིོ་དག་ཞིང་དང་འདྲ་སོང་།།་།