འདས་ཟིན་རྒྱ་ནག་གི་གཙོ་དཔོན་འགའི་ཁ་ཆེམས་བཞག་སྟངས།

སྲུན་ཀྲོང་ཧྲན་གྱི་ཆབ་སྲིད་ཀྱི་ཁ་ཆེམས་ཅེས་པའི་ནང་ཁོ་རང་རྒྱལ་དམངས་གསར་བརྗེར་འཇུག་ནས་བགྲང་བྱ་བཞི་བཅུ་སོང་ཞིང༌།དེའི་དམིགས་ཡུལ་ནི་རྒྱ་ནག་ལ་རང་དབང་དང་འདྲ་མཉམ་ཡོང་ཕྱིར་ཡིན་པ་དང༌།ལོ་ངོ་བཞི་བཅུའི་ཉམས་མྱོང་བསྲག་པར་བརྟེན་ནས་དམིགས་ཡུལ་འདི་འགྲུབ་ཐབས་ལ་ངེས་པར་དུ་མི་དམངས་རྨོངས་གཉིད་ལས་བསླང་དགོས་པ་དང༌།འཛམ་གླིང་ཐོག་ངེད་མི་རིགས་ལ་འདྲ་མཉམ་ལྟ་མཁན་ཚོ་དང་མཉམ་འབྲེལ་བརྒྱུད་དེ་འཐབ་རྩོད་བྱ་དགོས་པ་རེད་༌༌༌༌༌༌ཅེས་སོགས་འཁོད་ཡོད།

སྲུན་ཀྲོང་ཧྲན་ཤི་ལ་ཉེ་སྐབས་ཁ་ནས་ལྡབ་ལྡིབ་ཀྱིས་བརྗོད་པ་ནི་ཞི་བདེ༌༌༌༌༌འཐབ་རྩོད༌༌༌༌༌༌རྒྱ་ནག་སྐྱོབ་ཅིག་ཅེས་པ་དེ་རེད། ཟླ་3ཚེས་12ཉིན་གྱི་ཞོགས་པ་ཆུ་ཚོད་9དང་ཕྱེད་ཀའི་ཐོག་སྲུན་ཀྲོང་ཧྲན་འཇིག་རྟེན་ནས་ཁ་བྲལ་ཞིང་། དུས་དེར་ཁོང་དགུང་ལོ་58ཡིན།ཟླ་3ཚེས་19ཉིན།སྲུང་ཆིང་ལིང་དང་སྲུན་ཁེ་གཉིས་པེ་ཅིན་རོགས་ཕན་སྨན་ཁང་གི་ཚོགས་རྭར་གནམ་བདག་ཆོས་ལུགས་ལྟར་སྲུན་ཀྲོང་ཧྲན་ལ་ཁྱིམ་ཚང་གིས་མྱོ་ངན་མཛད་སྒོ་འཚོགས། སྲུན་ཀྲོང་ཧྲན་ལོ་19ཡི་སྐབས་སུ་གནམ་བདག་ཆོས་ལུགས་སུ་བཞུགས་པ་རེད།

སྲུན་ཀྲོང་ཧྲན་མ་གྲོངས་སྔོན་ཙམ་ལ་ཁོས་ཚིག་བརྗོད་གསལ་པོའི་སྒོ་ནས་མི་རྣམས་ནས་ཁོ་ཉིད་གནམ་བདག་ཆོས་པ་ཞིག་ཡིན་པའི་ངོས་ནས་འདས་པའི་གནས་སྟངས་ཤེས་རྟོགས་ཡོང་བའི་རེ་འདུན་མཚོན་ཐབས་བྱས་ཡོད།མྱ་ངན་མཛད་སྒོ་དེ་དབྱེན་ཅིང་སློབ་གྲྭ་ཆེན་མོའི་ལྷ་ཆོས་ཚོགས་པའི་འགོ་ཁྲིད་ལིའུ་ཡན་ཧྥང་གི་གཙོ་སྐྱོང་བྱས་པ་དང༌།ཀོང་ཀྲིག་ས་གནས་སྲིད་གཞུང་ཁྲིམས་སྲིད་སྡེ་ཚན་གྱི་འགོ་འཛིན་ཞུའི་ཆེན་དང་ཁོན་ཞང་ཞི་གཉིས་ཀྱིས་སྔ་རྗེས་མྱ་ངན་ཚིག་བརྗོད་ཀྱང་སྒྲོག་ཡོད་པ་རེད།

མྱ་ངན་གྲོལ་རྗེས་སྲུན་ཀྲོང་ཧྲན་གྱི་རོ་སྒམ་དེ་པེ་ཅིང་དབུས་ལྡུམ་རྭའི་རྒྱལ་ཁབ་རིམ་པའི་ཕོ་བྲང་དུ་སྤོས་རྗེས། ཞོགས་པ་ཆུ་ཚོད་10ནས་འགོ་བཙུགས་གནས་ཚུལ་དེ་གོ་ཐོས་བྱུང་བའི་ཚོགས་སྡེ་དང་སློབ་གྲྭ་ཁགདེ་བཞིན་རྒྱ་ཕྱི་ནང་གི་ཕུང་པོ་སྐྱེལ་མཁན་མི་སྣ་རྣམས་རིམ་གྱིས་འཛོམས་ཡོད་པ་རེད།སྨན་ཁང་ནས་དབུས་ལྡུམ་རྭ་དབར་གྱི་ལམ་བར་དུ་མྱ་ངན་ཞུ་མཁན་མི་ཚོགས་ཀྱིས་ཁེངས་ཡོད་པ་རེད།

གཉིས་པ།ཅང་ཅེ་ཧྲིའི་མཐའ་མཇུག་གི་ཁ་ཆེམས་ནི་རྒྱ་ནག་སྐམ་ས་ཆེན་མོར་ཕྱིར་རྒོལ༌༌༌༌༌༌སྤུན་ཟླ་སྐྱོབ་ཅིག༌༌༌༌༌༌༌རྒྱ་ནག་སྐྱོབ་༌༌༌ཅེས་པ་དེ་ཡིན།

ཅང་ཅེ་ཧྲིའི་ཚེ་མཇུག་གི་དུས་རིམ་དེ་ཀྲུང་ཞིང་མགྲོན་ཁང་ཟེར་བའི་ནང་རྫོགས་པ་དང༌།སྐབས་དེར་ཁོའི་རིག་པ་རིམ་གྱིས་ཉམས་བཞིན་པའི་ཉིན་ག་གེ་མོར།སྨན་གཡོག་འགོ་འཛིན་གྱིས་ཅང་ཅེ་ཧྲིས་སྐད་མགོ་དམའ་མོས་གཅིག་བརྗོད་གོན་པར་ཐོས་པ་མ་ཟད།དེ་མིན་ཅང་ཅེ་ཧྲིའི་ནིང་པོའི་ཡུལ་སྐད་ཀྱང་གོ་ཁག་ཙམ་ཡོད་སྟབས།ཁོས་སྨན་པ་ལས་རོགས་ཝོང་ཡོན་ཟེར་བ་དེ་སྐད་བཏང་བ་རེད།ཝོང་ཡོན་གྱིས་ཅང་ཅེ་ཧྲིའི་ཁ་འཁྲིས་སུ་བཅར་ནས་དོ་ནན་གྱིས་སྐར་མ་གཅིག་གཉིས་ཙམ་ཉན་རྗེས།ཁོས་སྲིད་འཛིན་ཁོང་གིས་རྒྱ་ནག་སྐམ་ས་ཆེན་མོར་ཕྱིར་རྒོལ་གྱིས༌༌༌༌༌སྤུན་ཟླ་སྐྱོབ་ཅིག༌༌༌༌༌༌༌རྒྱ་ནག་སྐམ་ས་ཆེན་མོར་ཕྱིར་རྒོལ་གྱིས་རྒྱ་ནག་སྐྱོབ་༌༌༌གསུང་གི་འདུག་ཅེས་བཤད།སྐབས་དེར་ཅང་ཅེ་ཧྲིས་སོ་སོ་ཚེ་སྲོག་གི་མཐའ་མཇུག་གྱར་ཡོད་པར་ཚོར་ནས་ཁོའི་ཤི་ཁའི་སྐད་མདང་དམའ་མོའི་མཐའ་མཇུག་གི་སྐད་ཆ་དེ་ནི་ཁོས་མི་རྣམས་ལ་ཁ་ཆེམས་བཞག་གི་ཡོད་མིན་ནི་ཤེས་རྟོག་ཡོད་པའི་གནས་ཚུལ་ཞིག་མིན་ནོ།

གསུམ་པ།མའོ་ཙེ་ཏུང་ཤི་ཁའི་སྐད་ཆ་ཚིག་གཅིག་ཡོད་པ་དེ་ནི་ང་ཧ་ཅང་མྱོང་གི་འདུགསྨན་པ་སྐད་གཏོང་ཤོག་ཅེས་པ་དེ་རེད།ཆུ་ཚོད་7དང་སྐར་མ་10པའི་ཐོག་མའོ་ཙེ་ཏུང་གི་དབུགས་ཀྱི་རྒྱུ་བ་དལ་དུ་འགྲོ་བཞིན་པ་དང༌།ཞོའོ་རྨིང་ཟེར་བའི་ནད་གཡོག་དེ་མའོ་ཡི་ཟུར་དུ་བཅར་ཞིང་མགོ་བོ་སྒུར་ནས་མའོ་ཡི་སྙིང་ཁ་འཕུར་འཕུར་གཏོང་བའི་སྐབས་སུ།མའོ་ཡིས་སྐད་མགོ་ཤིན་ཏུ་དམའ་མོས་ང་ཧ་ཅང་མྱོང་བཞིན་པ་ཡིན།སྨན་པ་སྐད་གཏོང་ཤོག་ཅེས་ཟེར་བ་ལས་ཁོ་ཤི་ཁར་གཞན་ལ་སེམས་འགུལ་ཐེབས་ཐུབ་པའི་ཁ་ཆེམས་གང་ཡང་བཞག་མེད་པ་རེད།

རྒྱ་ནག་ལ་ལྟ་བ་ཞེས་པའི་གཤམ་འོག་གི་རྒྱ་ཡིག་དྲ་ཚིགས་ནས་སྒྱུར།

http://www.secretchina.com/news/318510.html