བོད་ཀྱི་རྩ་ཆེའི་རིག་དངོས་སྔོག་འདོན།
ཉིས་སྟོང་བརྒྱད་ལོར་ལྷ་ས་གྲོང་ཁྱེར་གྱིས་རྒྱལ་ཡོངས་རིག་དངོས་ཡོངས་ཁྱབ་ཞིབ་བཤེར་ཞེས་པ་ཐེངས་གསུམ་པ་སྤེལ་བ་ནས་ལོ་འདིའི་ཕྱི་ཟླ་༡༠ ཟླ་མཇུག་བར་དུ། མལ་གྲོ་གོང་དཀར་རྫོང་དང་། སྟག་རྩེ་རྫོང་། ལྷ་སའི་ཁྲིན་ཀོན་ཆུའུ། ཆུ་ཤུར་རྫོང་། སྙེ་མོ་རྫོང་། སྟོད་ལུང་སྡེ་ཆེན་རྫོང་། འདམ་གཞུང་རྫོང་སོགས་སུ་ཞིབ་བཤེར་བྱས་ཡོད་པ་དང།
སའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི་གསུམ་ལྷག་ཞིབ་བཤེར་བྱས་པའི་ཁོངས་ནས། གནས་སྤོར་མི་ཐུབ་པའི་རིག་དངོས་ཁུལ་༨༨༩ རྙེད་པ་དང་། རིག་དངོས་ཁུལ་༦༦༣ གསར་དུ་རྙེད་ལ། རིག་དངོས་ཁུལ་ཉིས་བརྒྱ་དང་ཉེར་བདུན་ལ་ཡང་བསྐྱར་རྟོག་ཞིབ་བྱས་ཡོད་འདུག ལུའུ་ཅ་པིན་གྱིས་བཤད་པ་ལྟར་ན། རིག་དངོས་ཡོངས་ཁྱབ་ཞིབ་བཤེར་ཞེས་པ་དེ་ནི་གནས་རྙིང་པ་དང་། གནའ་བོའི་བང་སོ། སྒྲུབ་ཕུག ཉེ་རབས་དང་དེང་རབས་ལོ་རྒྱུས་ཤུལ་བཞག་གལ་ཆེན་སོགས་གནས་སྤོར་མི་ཐུབ་པའི་རིག་དངོས་ཤུལ་ལ་དམིགས་པ་ཡིན་ཞིང་། གསར་དུ་རྙེད་པའི་རིག་དངོས་ཁུལ་ནང་དུ། མལ་གྲོ་གུང་དཀར་རྫོང་གི་ཐང་ཅ་དགོན་པའི་ལྡེབས་རིས་དང་། ལྷུན་གྲུབ་རྫོང་གི་ལིན་ཀྲིག་ཞིང་རའི་ཤུལ་རྙིང་སོགས་ལ་ལོ་རྒྱུས་དང་རིག་གནས་ཀྱི་རིན་ཐང་ཆེན་པོ་ལྡན་ཡོད་སྐོར་བརྗོད་འདུག
འདི་ལྟར་བོད་ཀྱི་ས་ཆའི་ཕྱི་ནང་ཀུན་ཏུ་ས་གཏེར་དང་རིག་དངོས་རྩ་ཆེན་རྣམས་སྔོག་འདོན་གྱིས་བོད་ཀྱི་སྣོད་བཅུད་གཉིས་ལ་ཉམ་ཆག་ཚད་མེད་གཏོང་བཞིན་པ་ནི་རྒྱ་གཞུང་གི་ད་ལྟའི་སྲིད་བྱུས་ཡིན་པ་ཁ་གསལ་པོ་ཆགས་ཀྱི་ཡོད་པ་རེད།།