ཁ་ཞེ་མེད་པའི་འབྲེལ་མོལ་བྱས་ན་ཡི་རངས་ཅིས་མི་བྱེད།

ཁོང་གིས་ཨ་རིའི་གཞུང་གིས་བོད་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆ་ཤས་ཤིག་ཡིན་པར་ངོས་འཛིན་བྱེད་ཀྱིན་ཡོད་ཅེས་དང་། ཀྲུང་ གོ་དང་ཏཱ་ལའི་བླ་མའི་སྐུ་ཚབ་བར་གྱི་འབྲེལ་མོལ་གྱི་རིམ་པ་དེ་བསྐྱར་གསོ་གནང་ དགོས་སྐོར་བཤད་ཡོད་པ་རེད་ཟེར་བའི་ཐད་མི་རྣམས་ཀྱིས་བསམ་ཚུལ་མི་འདྲ་བ་ཁག་ གཉིས་གླེང་བཞིན་འདུག ཨ་རིའི་སྲིད་འཛིན་མཆོག་ནས་བོད་དོན་སྐོར་གླེང་བར་རྗེས་སུ་ཡི་རངས་བྱེད་མཁན་ ཁག་གཅིག་དང་། བོད་ནི་ཀྲུང་གོའི་ཆ་ཤས་ཤིག་ཡིན་པར་ངོས་འཛིན་ཡོད་ཅེས་གསུངས་པའི་ཐད་མི་དགའ་ བའི་རྣམ་འགྱུར་སྟོན་མཁན་གཉིས་པོ་དེ་རེད། ད་རེས་ཨོ་བྷ་མ་མཆོག་གིས་འབྲེལ་མོལ་བསྐྱར་གསོ་གནང་དགོས་རེད་ཟེར་བ་ཙམ་གྱིས་ ཕན་ཐོགས་ཡོད་པ་ཞིག་དང་། རྗེས་སུ་ཡི་རངས་བྱེད་འོས་པའི་ངོས་འཛིན་ཐུབ་རྒྱུ་ཁག་པོ་རེད། ཁ་ཞེ་གཉིས་མེད་ཀྱིས་འབྲེལ་མོལ་ཚད་དང་ལྡན་པ་བྱེད་དགོས་པའི་བསྐུལ་མ་བྱས་ན་ད་ གཟོད་ང་ཚོས་ཡི་རངས་ཅིས་མི་བྱེད། གཉིས་པ་དེ་བོད་རེ་བས་འཕུང་ཟེར་བ་བཞིན་ཨོ་བྷ་མ་ལ་རེ་བ་ཆེན་པོ་ཞིག་བརྒྱབ་ནས་ བཞུགས་འདུག་མཁན་རྣམས་ཀྱིས་ཨོ་བྷ་མས་བོད་དོན་སྐོར་ཡག་པོ་བཤད་མི་འདུག་ཟེར་བ་ ཙམ་མ་ཟད། བོད་དེ་རྒྱ་ནག་གི་ཆ་ཤས་ཤིག་ཡིན་པ་ངོས་འཛིན་བྱས་འདུག ཁོས་དེ་ལྟར་གསུངས་པ་ཆེས་ནོར་འཁྲུལ་རེད་ཟེར། ང་ཚོས་ཧ་གོ་དགོས་པ་ནི་ཁོང་གིས་བོད་དེ་རྒྱ་ནག་གི་ཆ་ཤས་ཡིན་པ་ངོས་འཛིན་བྱེད་ཀྱི་ ཡོད་ཅེས་གསུངས་པ་ལས་རྒྱ་ནག་གི་ཆ་ཤས་རེད་མ་གསུངས་པ་དེ་ཡང་རྩ་བའི་བཟང་ཕྱོགས་ ཀྱི་རྣམ་པ་རེད། ལར་ནས་གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་བཙན་བྱོལ་བོད་གཞུང་གིས་བོད་དེ་རྒྱ་ ནག་གི་ཆ་ཤས་བྱེད་ཐུབ་ན་བྱ་རྒྱུ་ལ་ཐེ་ཚོམ་སྤུ་ཙམ་ཡང་མེད་པ་ཡིན་ཙང་ཨ་རི་སྲིད་ འཛིན་གྱིས་བོད་དེ་རྒྱ་ནག་གི་ཆ་ཤས་ངོས་འཛིན་བྱེད་ཀྱི་ཡོད་གསུངས་པ་ལ་ནོར་ འཁྲུལ་མཐོང་གི་མི་འདུག