སྤྱི་འཐུས་ཀྱི་ཡུ་རོབ་ཏུ་གཟིགས་སྐོར།
ཡུལ་ལུང་སོ་སོའི་བོད་མི་རྣམས་ལ་བཀའ་སློབ་གསུང་བཤད་དང་དྲི་བ་ཁག་ལ་ལན་འདེབས་ཀྱང་གནང་ཡོད་པ་རེད། དེ་བཞིན་སྤྱི་འཐུས་ཀརྨ་ཡེ་ཤེས་དང༌། སྤྱི་འཐུས་སྒྲོལ་དཀར་ལྷ་མོ། སྤྱི་འཐུས་རྒྱ་རི་བུ་ཕྲུག་བཅས་ཚོགས་ཆེན་མ་འཚོགས་པའི་སྔོན་ཕྱི་ཚེས་༡༦ དང་༡༧ གཉིས་ལ་ཨི་ཊ་ལིའི་ས་ཁུལ་ཏེ་རན་ཏོ་རང་སྐྱོང་མངའ་ཁུལ་དང༌། ཏོ་ཏན་ཏོ་གཙུག་ལག་སློབ་གཉེར་ཁང༌། ཡུ་རག་ཉམས་ཞིབ་ལྟེ་གནས་ཁང་ བཅས་ཀྱིས་གོ་སྒྲིག་གནང་བ་འཛམ་གླིང་བུ་གླིང་དུ་ཡོད་པའི་རང་སྐྱོང་འདྲ་མིན་ཡོད་པ་ཁག་གི་ནང་དུ་རང་སྐྱོང་གནས་བབས་ཁག་གི་ཐོག་མཁས་པའི་བགྲོ་གླེང་ཞིག་གནང་ཡོད་པ་དང༌། དེ་ལ་བརྟེན་ནས་མ་འོངས་པར་བོད་པའི་རང་སྐྱོང་ག་འདྲ་དགོས་མིན་བཅས་ཀྱི་སྐོར་བགྲོ་གླེང་ཚོགས་འདུ་ཞིག་ཏུ་ཕེབས་ཡོད་པ་དང༌། སྐབས་དེར་བྷིལ་རྗ་ནོ་རང་སྐྱོང་ཁུལ་དུ་༧གོང་ས་མཆོག་ཆིབས་བསྒྱུར་དང་ཡུལ་དེའི་སྲིད་འཛིན་མཆོག་དང་འཇལ་འཕྲད་གནང་ཡོད་པ་མ་ཟད། ཚོགས་འདུ་དེའི་ཐོག་གནད་ཡོད་མི་སྣ་ཁག་ཅིག་དང་ལྷན་དུ་བཀའ་སློབ་གསུང་བཤད་ཀྱང་གནང་ཡོད་པ་རེད། རྒྱལ་སྤྱིའི་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་གྲུབ་པའི་རྗེས་སུ་སྤྱི་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་སྣེ་ཁྲིད་པའི་སྤྱི་འཐུས་ཟླ་བ་ཚེ་རིང་དང༌། སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས། སྤྱི་འཐུས་སྒྲོལ་མ་མཚོ་མོ། སྤྱི་འཐུས་ཚེ་རིང་སྒྲོལ་མ། སྤྱི་འཐུས་ཡེ་ཤེས་སྒྲོལ་མ་བཅས་ཀྱིས་སུད་སི་རུ་གཞུང་འབྲེལ་གཟིགས་སྐོར་གནང་ཡོད་པ་རེད།།