འབྲས་སྤྲུངས་སུ་༧གོང་ས་མཆོག་ལ་ཞབས་བརྟན།

རླབས་ཆེན་མཛད་འཕྲིན་དབྱར་མཚོ་བཞིན་རྒྱས་ཕྱིར་དུ། ཟླ་འདིའི་སྤྱི་ཚེས་༦ ནས་ཟླ་མཇུག་བར་ཞབས་རིམ་སྒྲུབ་བཞིན་ཡོད་པ་རེད། དེ་ཡང་གྲྭ་ཚང་གཉིས་ཀྱིས་གནས་ཆུང་ཆོས་རྒྱལ་ཆེན་མོ་སྤྱན་འདྲེན་ཞུས་པའི་རྡོ་རྗེའི་བཀའ་ལུང་ལས་བྱུང་བ་གཞིར་བཟུང་ཐོག་རྒྱལ་བའི་བཀའ་འགྱུར་དག་འདོན་དང། ཚོགས་མཆོད་འབུམ་ཐེར། ཏཱ་རེ་བསྟོད་པ་འབུམ་ཐེར། དེ་བཞིན་གཏོར་རྒྱག་དང༌། མདོ་སྡེ་སྐལ་བཟང་༧གོང་ས་མཆོག་གི་དགུང་གྲངས། པཎ་གྲུབ་བསྟོད་ཆེན་ཉིན་ལྔའི་རིང་ལ་ལྗགས་ཀློག་གནང་བ་སོགས་གཟའ་སྐར་དུས་ཚེས་དགེ་བའི་ཉིན་དག་ལ་གཏད་ནས་ཞབས་རིམ་གནད་སྨིན་གསོག་སྒྲུབ་གནང་བཞིན་ཡོད་པ་རེད།།