ཁོག་དགོད་ཤོར་བའི་ཉིན་མོ་ཞིག
འདི་འདྲ་བཤད་ན་ཁྱོད་ཚོས་ང་ལ་ལྡང་མིག་བལྟ་སྲིད།བཤམ་དུ་བྲིས་པའི་དོན་གནད་རེ་རེ་ཐོག་ལ་ང་ཁྲིམས་ཐོག་ཏུ་འགྲོ་ནས་བཤད་དགོས་ཀྱང་ཁོག་འགྱོད་མེད་པའི་འདེངས་ཚོད་ཡོད།བོད་པ་གྲྭ་པ་ག་ཚོད་མང་ན་གྲྭ་ལོག་མཁན་ཡང་དེ་ཚད་མང་བ་ཡོད་པ་བཤད་མི་དགོས་ཀྱང་བཙན་བྱོལ་གཞུང་གི་རང་བཙན་ལག་དེབ་དེ་ནི་ལོག་རྒྱུ་ཅི་ཡང་མེད། གསལ་དུ་བཤད་ན་གྲྭ་ལོག་དེ་ཚོའི་འཁྱེར་བའི་རང་བཙན་ལག་དེབ་ནི་གྲྭ་པའི་རང་བཙན་ལག་དེབ་དེ་རང་རེད། བདག་ཅག་བསྟོད་པས་གྲྭ་ལོག་ན་ཆས་གོས་བརྗེ་མི་ཆོག་གསུང་མེད་ཀྱང་བཙན་བྱོལ་གཞུང་གིས་གྲྭ་ལོག་ནའང་གྲྭ་པའི་པར་བརྗེ་མི་ཆོག་གསུངས་པ་དེ་ནི་ཁོག་དགོད་དང་པོ་དེ་རེད།དེང་སང་བཙན་བྱོལ་གཞུང་གི་དོན་གནད་ཅི་ཞིག་ཡིན་པ་གསལ་པོ་མ་ཤེས་ཀྱང་རང་བཙན་ལག་དེབ་དེ་དགོས་མཁོ་ཆེ་རུ་བཏང་ནས་དམ་དྲག་ཚར་ཐག་ཆོད་བྱེད་སོང་ཡང་ཨ་རིས་རང་བཙན་ལག་དེབ་ཚོགས་ཆུང་གི་ལས་བྱེད་དེ་ཚོ་ནི་དངས་ལང་རེད་ཤག དེ་ལ་དོགས་གཞི་གཅིག་དང་དྲི་བ་གཉིས་ཀྱི་ཐོག་ནས་ཁོག་དགོད་གཉིས་པ་དེ་ཤོར།ཨ་རིས་དོན་གཅོད་ཁང་དུ་ང་གྲོགས་པོ་ཞིག་རོགས་སུ་ཕྱིན་ནས་གནས་ཚུལ་འདི་དག་མཐོང་བ་ཞིག་རེད།རང་བཙན་ལག་དེབ་གསར་བཟོ་བྱེད་པ་དཀའ་ངལ་རྙོག་ཁྲ་འདི་ཚོ་གང་ནས་ཐོན་པ་རེད་ཅེས་ཞུས་པར། ལས་བྱེད་པདྨ་རྡོ་རྗེ་ཟེར་བ་དེས། དེང་སང་རང་བཙན་ལག་དེབ་རྐུན་མ་ཤོར་བ་དང་རྫུན་མ་བཟོ་མཁན་ཡོད་ཙམ་ཆགས་པ་རེད་གསུངས། རྫུན་མ་བཟོ་བ་དང་རྐུན་མ་ཤོར་བའི་ནོར་འཁྲུལ་དེ་བོད་ནས་གསར་དུ་སླེབས་ནས་རང་བཙན་ལག་དེབ་གསར་བཟོ་བྱེད་དེ་ཚོ་མགོ་ལ་གཡུག་རྒྱུ་དེ་བོད་གཞུང་གི་དམིགས་ཡུལ་ནི་ཡིན་རྒྱུ་མ་རེད།རང་བཙན་ལག་དེབ་གསར་བཟོ་འགེངས་ཤོག་སྦྱོང་ཚར་བ་དང་ལོ་གཅིག་གི་དཔྱ་ཁྲལ་དང་སྦྲག་གླག་གཉིས་དུས་གཅིག་ཏུ་བསྡུས་ཀྱིན་འདུག དེ་ནས་རང་བཙན་ལག་དེབ་བཟོ་ཁག་པོ་ཡོད་པ་དང་མང་པོ་ཞིག་རྡ་རམ་ས་ནས་ཚུར་སློག་གི་ཡོད་པ་འབྲེལ་བཤད་བརྒྱབས་ཀྱིན་འདུགདཔྱ་ཁྲལ་ལག་དེབ་མ་ཐོབ་གོང་ནས་ལོ་གཅིག་གི་དཔྱ་ཁྲལ་འབུལ་དགོས་པ་དེ་ཡང་ཁོག་དགོད་ཤོར་དགོས་པ་ཞིག་རེད་འདུགངས་གྲོགས་པ་དེ་ལ་མཐའ་མ་རང་བཙན་ལག་དེབ་རགས་མ་སོང་། རྒྱུ་མཚན་འདྲི་དུ་སོང་ཡང་ལན་ནི་ང་ཚོ་ཤེས་ཀྱིན་མེད་རྡ་རམ་ས་ལ་ནས་ཚུལ་སློག་ཤག་ཅེས་གསུངས་ཀྱིན་འདུག དེ་ནས་ངས་དཔྱ་ཁྲལ་དངུལ་འཛིན་དེ་འཁྱེར་ནས་རང་བཙན་ལག་དེབ་མ་རགས་ན་དངུལ་དེ་སློག་རོགས་ཞུས་པས། དངུལ་དེ་རྡ་རམ་ས་ལ་བཏང་ཚར་རེད་སློག་རྒྱུ་ཡོད་མ་རེད་གསུངས་ཀྱིན་འདུག མ་གཞི་ནས་ཁྱོད་རང་བོད་པ་ཞིག་ཡིན་པའི་ཆ་ནས་བོད་གཞུང་ལ་ཞལ་འདེབས་ཕུལ་ཤག་ན་འགྲིག་གིན་རེད་བ་ཞེས་གསུངས་ཀྱིན་འདུགརང་བཙན་ལག་དེབ་སྤྲད་དགོས་དུས་བོད་གཞུང་གིས་ངའི་གྲོགས་པོ་བོད་པ་ཡིན་པ་ཁེས་ལེན་མེད་ན་ཨ་རིས་ཌོ་ལག་རིག་དུས་བོད་པ་ཡིན་པའི་ཆ་བྱེད་ནས་ཞལ་འདེབས་རྒྱབ་དགོས་པ་དེ་ལ་དོགས་གཅིག་གི་ཐོག་ནས་ཁོག་དགོད་གསུམ་པ་དེ་རེད།འདི་དང་དེ་འདྲ་བའི་ཁོག་དགོད་ཤོར་བའི་གཏམ་མང་དུ་གླེང་རྒྱུ་ཡོད་ཀྱང་དུས་ཀྱི་རྐྱེན་པས་ཞུ་མཚམས་འདི་ནས་འཇོག་རྒྱུ་ཡིན།ཁྱོད་ཚོ་འདིའི་ཐོག་ལ་དྲི་བ་དང་གསལ་བཤད་དགག་ལེན་ཅི་ཡོད་ན་སྤེལ་རོགས་ཞུ།
