རྒྱ་གཞུང་གི་སྐྱོན་འཚང་བརྟོལ་བ།

རྒྱ་ནག་གཞུང་འབྲེལ་གྱི་ཤིན་ཧྭ་གསར་འགྱུར་ཁང་གི་ཁོངས་གཏོགས་ལིའུ་ཝང་ཟེར་བའི་བདུན་རེའི་དུས་དེབ་ནང་རྒྱ་ནག་གི་ས་གནས་དཔོན་རིགས་རྣམས་ཀྱིས་ལྐོག་ཟ་རུལ་སུངས་བྱས་པའི་སྐོར་མང་ཚོགས་ཀྱིས་དབུས་གཞུང་ལ་ཞུ་གཏུག་བྱེད་པར་ཡོང་སྐབས་གཞུང་གི་མི་སྣ་ཚོས་ཞུ་གཏུག་བྱེད་མཁན་དེ་དག་མུ་ནག་བཙོན་ཁང་དུ་བཙོན་འཇུག་བྱེད་ཀྱི་འདུག་ཅེས་དུས་དེབ་དེའི་ནང་ཞིབ་ཕྲ་བཀོད་ཡོད་འདུག
ཟླ་བ་སྔོན་མའི་ཚེས་༡༡ ཉིན་ཨ་རིར་ཡོད་པའི་འགྲོ་བ་མིའི་ཐོང་ཐང་རྟོགས་ཞིབ་ཚོགས་པས་བཏོན་པའི་སྙན་ཐོའི་ནང། རྒྱ་ནག་ནང་གི་མུན་ནག་གི་བཙོན་ཁང་ཟེར་བའི་སྐོར་ཞིབ་ཕྲ་བཀོད་ཡོད་པ་དང། རྒྱ་ནག་གཞུང་གིས་ཞུ་གཏུག་བྱེད་མཁན་རྣམས་ཀྱི་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་བཏང་བའི་སྐྱོན་བརྗོད་བྱས་སྐབས་རྒྱ་གཞུང་གིས་ལན་འདེབས་གང་མང་མ་བྱས་པར་ཁུ་སིམ་མེར་བསྡད་ཡོད་པ་རེད་ཅེས་བཀོད་ཡོད་འདུག རྒྱ་ནག་གི་དུས་དེབ་དེའི་ནང་མུན་ནག་བཙོན་ཁང་དུ་སྡུག་སྦྱོང་མནར་གཅོད་ཇི་ལྟར་གཏོང་གི་ཡོད་མེད་དང། ཞུ་གཏུག་མཁན་ཁག་ཅིག་བཙན་ཤེད་ཀྱིས་རང་ཡུལ་དུ་ཕྱིར་སློག་བྱེད་ཀྱི་ཡོད་པའི་སྐོར་སོགས་ཁ་གསལ་ཞིབ་ཕྲ་བཀོད་ཡོད་འདུག ད་བར་གཞུང་འབྲེལ་གྱི་དུས་དེབ་ནང་དུ་དམར་ཕྱོགས་ཚོགས་པར་སྐྱོན་བརྗོད་བྱས་པ་དེ་ནི་ད་བར་བྱུང་མ་མྱོང་བ་ཞིག་ཀྱང་ཆགས་ཡོད་པའི་གནས་ཚུལ་སྤེལ་འདུག །