འཛམ་གླིང་ཐོག་ལོ་ཆུང་ཤོས་ཀྱི་ཨ་མ།
དེའང་ཕྱི་ལོ་1939ལོའི་ཟླ་5ཚེས་14ཉིན།སྐབས་དེར་ལོ་ལྔ་དང་ཟླ་བ་བདུན་ཟིན་པའི་ལིན་ན་མ་ཏི་ན་ཟེར་བའི་བུ་མོ་ཆུང་ཆུང་དེ་སྨན་ཁང་དུ་ཁོག་པ་བཤག་བཅོས་བརྒྱུད་རྒྱ་མ་2༌7ཅན་གྱི་ཕྲུ་གུ་བུ་ཞིག་སྐྱེས་ཡོད་པ་དང༌། བཤག་བཅོས་བྱེད་མཁན་སྨན་པས་བཤད་གསལ་ལྟར་ན་དུས་དེར་བུ་མོ་དེའི་བུ་སྣོད་སྐྱེ་འཕེལ་གྱི་ནུས་པ་ཆ་ཚང་བར་སླེབས་ཡོད་པར་སྐད།མོ་རང་ལོ་བཞི་དང་ཟླ་བ་བརྒྱད་སྐབས་སུ་མངལ་འཁོར་ཚར་ནས་སྦྲུམ་མ་ཆག་པ་དང༌།ལོ་གཉིས་དང་ཕྱེད་ཀའི་ཐོག་གཟུགས་ཕུང་གི་འཚར་ལོངས་འཐུས་ཚང་བྱུང་ཡོད་སྐོར་ཡང་བརྗོད་འདུག
གསོ་བ་རིག་པའི་ཐད་ནས་བཤད་ན་གནས་ཚུལ་དེ་ནི་ཡ་མཚན་དངོས་བྱུང་གི་གནས་སྟངས་ཤིག་གྱུར་ཡོད་པ་དང༌། དེང་བར་ དཔྱད་གཞི་ཡོད་པའི་ལོ་རྒྱུས་ནང་ ལིང་ན་ནི་འཛམ་གླིང་ཐོག་ལོ་ཆུང་ཤོས་ཀྱི་ཨ་མ་ཡིན་འདུག
བོུ་ཆུང་ཆུང་ལིང་ན་ལ་ཕྲུ་གུ་འཁོར་ཡོད་པར་ཤེས་རྟོག་བྱུང་ནས་བཟུང་ས་ཁུལ་ཉེན་རྟོག་པས་དོན་དག་དེ་བཙན་གཡེམ་སོགས་ཀྱི་གནས་ཚུལ་དང་འབྲེལ་བ་ཡོད་སྐོར་ལ་ཁ་གཡར་ཏེ་མོའི་པ་ལགས་འཇུ་བཟུང་བྱས་ཀྱང༌།དེ་རྗེས་འབྲེལ་ཡོད་ཕྱོགས་ནས་མོའི་པ་ལགས་ཀྱིས་ཉེས་པ་བསག་པའི་དོགས་གཞི་ཁོ་ན་ལས་དེར་དཔང་རྟགས་མ་མདང་བའི་སྒོ་ནས་སློད་གྲོལ་བཏང་ཡོད་པ་རེད།དེ་རྗེས་སྨན་པ་དང་ཉེན་རྟོག་པ།དེ་བཞིན་གློག་བརྙེན་བཟོ་གྲྭ་བཅས་སྡེ་ཚན་ཡོངས་རྫོགས་ཀྱིས་རིམ་བཞིན་མི་བཏང་སྟེ་ལིང་ན་ཡི་གནས་ཚུལ་རྟག་དཔྱད་བྱས་ཡོད་ཀྱང༌།མཐར་མི་སུ་གཅིག་གིས་ཀྱང་བུ་མོ་ལིང་ནའི་ཕྲུ་གུའི་ཨ་ཕ་སུ་ཡིན་མིན་རྩད་གཅོད་ཐུབ་མེད་པ་རེད།
བུ་མོ་ལིང་ནའི་གཟུགས་ཕུང་སྐྱེ་འཕེལ་གྱི་ཚད་གཞི་ངེས་ཅན་སླེབས་ཟིན་ཡང༌།མོའི་བློ་རིག་ནི་ད་དུང་ཕྲུ་གུ་ལོ་ལྔ་ཅན་གཅིག་དང་ཁྱད་པར་མེད།མོས་སོ་སོའི་རྩེད་ཆས་ལ་མགོ་འཁོར་བ་ལས་མོའི་ཕྲུ་གུ་དེར་ལྟ་ཙམ་ཡང་བྱེད་འདོད་ཡོད་མ་རེད།
བུ་མོ་ལིང་ནའི་ཕྲུ་གུ་དེའི་མིང་ལ་ཀི་ལ་ཨར་ཏོ་ཟེར་ཞིང༌།ཀི་ལ་ཨར་ཏོ་ལོ་བཅུ་སླེབས་དུས་ཁོ་རང་དང་མཉམ་དུ་འཚར་ལོངས་འབྱུང་བཞིན་པའི་བུ་མོ་ལིང་ན་ཁོའི་ཨ་མ་དངོས་ཡིན་པ་གཞི་ནས་ཤེས་ཡོད་པ་རེད་འདུག་གོ།
རྩོམ་ཡིག་འབྱུང་ཁུངས། (博讯 boxun.com)