རྒྱལ་ཐང་བཀྲ་ཤིས་ཚེ་རིང
སློབ་གྲྭ་ཆེན་མོར་རྩིས་འཁོར་ཚན་རིག་ཆེད་ལས་ཀྱི་རབ་འབྱམས་པའི་སློབ་རྟགས་བླངས། སྦྱངས
་འབྲས་ལེགས་ཐོན་བྱ་དགའ་ཐོབ་ཡུན་ལ་ཁོང་རང་གིས་ Microsoft Corporation མཉེན་ཆས་ཀུང་ཟིའི་བློ་འདོན་པའི་འགན་འཁུར་གནང་། དེ་གར་ཁོང་ཚོས་བོད་ཡིག་གི་མ་ལག་དང་། Windows Vista ལ་ཧི་མ་ལ་ཡ་ཟེར་བའི་བོད་ཡིག་ཡིག་གཟུགས་དང་བོད་ཡིག་གི་མཐེབ་གཞོང་གསར་གཏོད་སྐོར་གྱི་ལས་ཀ་བསྒྲུབས། ཁོང་གིས་ད་དུང་བེར་ཇི་ནི་ཡ་༼ UVA ༽སློབ་གྲྭ་ཆེན་མོའི་ཧི་མ་ལ་ཡའི་གྲངས་གནས་དཔེ་མཛོད་ཁང་དང་མཉམ་དུ་བོད་ཡིག་གི་སྒྲིག་ཨང་གཞན་པ་ཚོའི་ཡིག་ཆ་གཅིག་གྱུར་ཨང་རྟགས་Unicode ཡིག་ཆ་ལ་བརྗེ་སྒྱུར་བྱེད་རྒྱུ་དང་བོད་ཡིག་གི་པར་སྒྲིག་རྩི་ཐབས་ཐད་ལ་མཉམ་དུ་ཞིབ་འཇུག་བྱེད་པ། སྦྱངས་འབྲས་ལེགས་ཐོན་བྱ་དགའ་ཐོབ་ཡུན་དུ་ཁོང་ལ་ཀུན་ཕན་ཐེབས་རྩ་ཚོགས་པ་ནས་བོད་ཡིག་གི་ཡིག་གཟུགས་བརྗེ་སྒྱུར་མཉེན་ཆས་གསར་གཏོད་བྱེད་རྒྱུའི་རོགས་དངུལ་ཐོབ་ནས་མཉེན་ཆས་དེ་གསར་གཏོད་བྱེད་པ།
ད་ཆར། ཁོང་གིས་པེ་ཅིན་གྱི་ཀྲུང་གོའི་བོད་རིག་པའི་ཞིབ་འཇུག་ལྟེ་གནས་སུ་རྩིས་འཁོར་གྱི་ཆེད་པའི་འགན་འཁུར་ཡིན་ལ། རྩིས་འཁོར་སྤྱོད་མཁན་རྣམས་ལ་༼ བོད་རྒྱ་དབྱིན་གསུམ་གྱི་ཆ་འཕྲིན་ལག་རྩལ་གྱི་ཚིག་མཛོད།༽པར་སྐྲུན་བྱས་ཤིང་བོད་ཡིག་གི་གཅིག་གྱུར་ཨང་རྟགས་གི་ཡིག་གཟུགས་གསར་པ་དྲུག་གསར་གཏོད་བྱས་ཤིང་། བོད་ཡིག་ཆ་འཕྲིན་ལག་རྩལ་ཐད་ཀྱི་བྱ་བ་ལས་བའི་ལོ་ངོ་བཅུ་ཕྲག་གི་རིང་ལ། ཁོང་གིས་བོད་ཡིག་བཀོལ་བའི་རྩིས་འཁོར་སྤྱོད་མཁན་རྣམས་ལ་ཧ་ཅང་ཉེར་བར་མཁོ་བའི་བྱ་རིམ་དང་མ་ལག་གསར་གཏོད་བྱེད་ཡོད་པ་མ་ཚད། ད་དུང་རྒྱལ་སྤྱིའི་ཚོགས་འདུའི་སྟེང་དུ་རྩོམ་ཡིག་མང་པོ་སྤེལ་མྱོང་།