བླ་མའི་བསུང།
དེ་སྐྱེས་དམན་ཕྲུག་གུ་ཡོད་མཁན་ཞིག་གིས་གྱོན་ཡོང་བ་ཡིན་ན་གཞན་གྱི་མཐོང་ཚུལ་ལ་ཆོས་གོས་རྣམ་གསུམ་གྱོན་མཁན་གཞན་དག་ཀྱང་ཕལ་ཆེར་དེ་དང་གཅིག་པ་ཡིན་ས་རེད་བསམ་སྟེ་ཁྱིམ་པ་སུན་འབྱིན་གྱི་ལས་འདྲ་ཆགས་ཀྱི་ཡོད། དེ་འདྲ་ཡིན་དུས་གང་ཟག་གཅིག་གི་སྐྱོན་དེ་གང་ཟག་མང་པོ་ཞིག་ལ་གནོད་ཡག་ཆགས་རྗེས། རྒྱལ་བའི་བཀའ་དང་འགལ་བ། སོ་སོ་ལ་མཚན་སྨད་ཡོང་ཡག་དེ་འདྲ་ཞིག་ཆགས་བསྡད་ཡོད་པ་རེད། དེས་ན་སངས་རྒྱས་བཅོམ་ལྡན་འདས་ཀྱི་བཅའ་ཁྲིམས་དང་མི་འགལ་བར་གནང་ཡག་དེ་ཞེ་དྲགས་གལ་ཆེན་པོ་རེད། དེ་འདྲ་ཡིན་དུས་གོས་དཀར་ལྕང་ལོ་ཅན་གྱི་སྡེ་ཡིན་ན། སོ་སོའི་ཆས་དེ་གྱོན། སྤྱོད་པའི་སྐོར་ཡིན་ན་ཡང་སྔགས་འཆང་གི་སྤྱོད་པ་མང་པོ་ཡོད་རེད་དེ། མདོར་བསྡུས་ན་ད་ལྟ་གོང་དུ་ཞུས་པ་བཞིན་ཞི་དུལ་བག་ཡོད་དེའི་ནང་དུ་འདུས་འགྲོ་གི་ཡོད་པ་རེད། སྤྱིར་བཏང་ཐོས་བསམ་སྒོམ་གསུམ་བྱས་པའི་འབྲས་བུ་དེ་ཉོན་མོངས་ཆུང་དུ་འགྲོ་ཡག་དེ་ཆགས་བསྡད་ཀྱི་ཡོད་རེད།།།
