མཚན་ཚོགས་ཞབས་བྲོ་ཁང་གི་ཆག་སྒོ།
འདི་ལོ་མཚན་ཚོགས་ཞབས་བྲོ་ཁང་གྲགས་ཆེན་ཞིག་མི་ལོ་༡༠ འཁོར་བའི་མཛད་སྒོའི་མཚན་ཚོགས་སྐབས། གློ་བུར་དུ་ཤོག་སྦག་གས་འཐོར་སོང་བའི་རྣམ་པའི་ཐོག་ནས་འབར་རྫས་གས་འཐོར་བྱུང་བས། མི་གྲངས་༡༡༢ ལ་སྲོག་སྐྱོན་དང་༡༣༠ ལྷག་ཙམ་ལ་ཉེན་ཚབས་ཆེ་བའི་རྨས་སྐྱོན་ཕོག་ཡོད་འདུག
ཨུ་རུ་སུའི་ནང་སྲིད་བློན་ཆེན་རཱ་ཤི་ཌི་མཆོག་གིས། མཚན་ཚོགས་ཁང་གི་ཆག་སྒོ་འདི་ནི་འཇིགས་སྐུལ་རིང་ལུགས་པའི་ངན་ཇུས་ཡིན་པ་ལས། མཛད་སྒོའི་ཤོག་སྦག་གི་རྒྱུ་རྐྱེན་ལ་བརྟེན་ནས་ཡོང་བ་ཞིག་མ་རེད། དེ་བཞིན་གཞུང་གི་ངོས་ནས་ཀྱང་འཇིགས་སྐུལ་རིང་ལུགས་པའི་ངན་ཇུས་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་ལ། གང་མགྱོགས་གནད་དོན་འདི་གསལ་པོ་ཆགས་ཐུབ་ཐབས་ལ་འབད་བརྩོན་བྱེད་བཞིན་ཡོད་ཅེས་བརྗོད་ཡོད་པ་དང༌། དེ་དང་འབྲེལ་ནས་དོགས་གཞི་ཡོད་པའི་མི་འགའ་ཤས་བཀག་ཉར་བྱས་ཡོད་པའི་གནས་ཚུལ་ཐོན་ཡོད་པ་རེད།།

