འབྲས་བློ་གླིང་གྲྭ་ཚང་གི་བརྟན་བཞུགས།
བརྟན་བཞུགས་ཐོག་དབུས་དང་ཕྱོགས་མཐའ་ཁག་ནས་ཆེད་བཅར་གནང་མཁན་དགེ་ལྡན་པའི་གདན་ས་གསུམ་གྱི་གྲྭ་ཚང་ཁག་གི་མཁན་རིན་པོ་ཆེ་རྣམ་པ་དང། ས་གནས་འགོ་འཛིན་དཔལ་ལྡན་དོན་གྲུབ། རྒྱ་གར་མཐའ་མཚམས་མི་རིགས་ལྷན་ཁང་གི་ཚོགས་མི་ཚེ་རིང་བསམ་འཕེལ་དང། རྒྱ་གར་དབུས་གྲངས་ཉུང་མི་རིགས་ཀྱི་ཚོགས་འཐུས་ཟུར་པ་བླ་མ་ཆོས་འཕེལ་བཟོད་པ། དེ་བཞིན་ཧི་མ་ལ་ཡའི་རི་རྒྱུད་ཀྱི་དགོན་སྡེ་ཁག་གི་འཐུས་ཚབ་དང། རྭ་སྟོད་གྲྭ་ཚང། བཀྲིས་ལྷུན་པོ། རྒྱུ་སྨད་གྲྭ་ཚང་སོགས་དགོན་སྡེ་ཁག་སོ་སོའི་སྐུ་ཚབ་ཕེབས་ནས་མཎྜལ་འདེགས་འབུལ་དང་འདུས་ཚོགས་ལ་བསྙེན་བཀུར་སྐུ་འགྱེད་སོགས་བྱས་ཡོད་པ་རེད།
དེ་བཞིན་ཟླ་འདིའི་ཚེས་༡ ནས་ཉིན་༧ རིང་དགའ་ལྡན་ཁྲི་རིན་པོ་ཆེའི་ཁྲི་སྟོན་མཛད་སྒོ་གདན་ས་དགའ་འབྲས་གཉིས་ཀྱི་གྲྭ་ཚང་དང་འབྲས་སྤུངས་ཀླུ་འཁྱིལ་ཁམས་ཚན། དཔེ་ཐུབ་ཁམས་ཚན། མངའ་རིས་ཁམས་ཚན། ཧི་མ་ལའི་རི་རྒྱུད་ཀྱི་འཐུས་ཚབ་སོགས་ནས་ཉིན་རེ་བཞིན་མཎྜལ་འདེགས་འབུལ་དང་འདུས་མང་ལ་གསོལ་སྟོན་སྐུ་འགྱེད་སོགས་རིམ་བཞིན་འཚོགས་ཡོད་པ་རེད།། མོན་གྷོ་གསར་འགོད་པས།