འགྱིག་ཤོག་རིགས་གཙང་བཟོ།
ལས་འགུལ་དེའི་ཁྲོད་ཧི་མ་ཅལ་མངའ་སྡེའི་བློན་ཆེན་ཡང་ཕེབས་ནས་རྟོག་ཞིབ་གནང་ཡོད་པ་མ་ཟད། ཤིང་ནགས་དང། ཆུའི་ཡུར་བ་ཡོད་ས་སོགས་ནས་འགྱིག་ཤོག་གི་རིགས་མཐའ་དག་བསྡུས་ནས་སླར་འཕྲུལ་ཆས་སུ་བཟོ་སྒྱུར་གྱིས་ལམ་ཁར་འདིང་བའི་འཆར་གཞི་ཞིག་ཀྱང་ཡོད་པ་རེད་འདུག
སྤྱིར་ལོ་འདིའི་ཟླ་༡༠ ཚེས་༢ ཉིན་འགྱིག་ཤོག་རིགས་ཉོ་ཚོང་བེད་སྤྱོད་བཀག་འགོག་བྱེད་པའི་ཧི་མ་ཅལ་མངའ་སྡེའི་གཞུང་ནས་ཁྲིམས་ལུགས་གཏན་འབེབས་བྱས་པ་མ་ཟད། འགྱིག་ཤོག་བེད་སྤྱོད་ཀྱིས་ཁྲིམས་དང་འགལ་བ་རྣམས་ལ་ཧིན་སྒོར་༡༠༠༠ ནས་༥༠༠༠ བར་ཉེས་ཆད་གཅོད་ཀྱི་ཡོད་པ་རེད།།
