ཁོད་ཀྱིས་བསམ་ཚུལ་ཞིག་གསུང་དང་།

༄༅།།ང་ཕོད་ངག་དབང་འཇིགས་མེད་ནི་སྤྱི་ལོ༡༩༥༩ལོར་བོད་ལྗོངས་སུ་ངོ་ལོག་ཟིང་འཁྲུགས་སློང་སྐབས་ཀྱི་དཔང་མི་ཡིན་པ།
སྤེལ་དུས། 2009-12-24   ཡོང་ཁུངས། ཀྲུང་གོའི་གསར་འགྱུར་དྲ་བ།   རྩོམ་པ་པོ།  ལྷག་ཚེས་བསྒྱུར།ཟླ་གཞོན་ནས་ཞུས།

སྤྱི་ལོ༡༩༥༩ལོའི་སྤྱི་ཟླ༣པའི་ཚེས༡༠ཉིན་གྱི་སྔ་དྲོའི་ཆུ་ཚོད་བརྒྱད་པ་ལྷག་ཙམ་ལ། བོད་ལྗོངས་ལྷ་སའི་ཁྲོམ་གཞུང་ཁག་ཏུ་ཟང་ངི་ཟིང་ངི་ཆགས་པ་དང་། མི་རྣམས་ཀྱིས་ངུ་འབོད་ཀྱི་ཁྲོད་དུ་ཕར་རྒྱུག་ཚུར་རྒྱུག་བྱེད་པ་དང་སྦྲགསནོར་བུ་གླིང་ཁའི་ནང་ཕྱིན་ནས་ཡིད་བཞིན་ནོར་བུཏཱ་ལའི་བླ་མསྐྱོབ་རོགས་གནོངས་དང་། རྒྱ་མིས་ཁོང་བཙན་འཁྲིད་བྱས་སོངཞེས་པའི་གཏམ་སྣ་ཚོགས་ཤོད་རེས་བྱེད་ཀྱི་ཡོད་ཅིང་། ལྷག་བསམ་ཟོལ་མེད་ཀྱིས་ནང་བསྟན་ཆོས་ལ་དད་པ་རྩེ་གཅིག་ཡོད་མཁན་གྱི་བོད་མི་དམངས་རྣམས་ཀྱི་ངོས་ནས་བཤད་ན་གཏམ་དེ་འདྲ་ཞིག་རང་གི་རྣ་ལམ་དུ་ཐོས་པ་ནི་འབར་རྫས་གད་པའི་སྒྲ་ཐོས་པ་དང་ཀུན་ནས་མཚུངས་པ་རེད། དེ་ནས་མི་རྣམས་ཀྱི་སེམས་ནང་ཧང་སངས་པ་དང་། དངངས་སྐྲག་སྐྱེས་པ། འཇིགས་ཡེ་རེ་སོགས་བྱུང་སྟེ། ནོར་བུ་གླིང་ཁའི་ཕྱོགས་སུ་བསྐྱོད་དེ། ཏཱ་ལའི་བླ་མ་སྲུང་སྐྱོབ་བྱེད་རྒྱུའི་མིང་ཐོག་ནས། ནོར་བུ་གླིང་ཁའི་མཐའ་ནས་ཡོངས་སུ་བསྐོར་ཞིང་། དྲག་པོའི་ངོ་ལོག་ཟིང་འཁྲུགས་ཀྱི་ཡོལ་བའང་དུས་དེ་ནས་དབྱེ་འགོ་ཚུགས་པ་རེད། དེ་ནི་ཕྱིས་སུ་མི་འགྱང་བར་འཕེལ་རྒྱས་སུ་ཕྱིན་པའི་གཞི་ཁྱོན་ཆེན་པོས་ཁྱོན་ཡོངས་སུ་བསླངས་པའི་དྲག་པོའི་ངོ་ལོག་ཟིང་འཁྲུགས་ཏེ༡༩༥༩ལོའིགསུམ་བཅུའི་དོན་རྐྱེནཞེས་པ་དེ་རེད།

བོད་ཀྱི་སྲོལ་རྒྱུན་ལུགས་སྲོལ་ལྟར་ན། ལོ་རེའི་བོད་ཟླ་བཅུ་གཉིས་པའི་བོད་ཚེས༢༩ཉིན་ནིདགུ་གཏོརཞེས་པ་དེ་ཡིན་ཞིང་། དེ་དུས་ཕོ་བྲང་པོ་ཏ་ལརདགུ་གཏོར་འཆམ་འཁྲབ་དུས་ཆེནའཚོགས་ཀྱི་ཡོད་པ་རེད། བོད་ལ་ཞི་བས་བཅིངས་འགྲོལ་བཏང་བའི་རྗེས་སུ། ལོ་རེའིདགུ་གཏོརསྐབས་དུ་བོད་ལྗོངས་བཟོ་ཨུད་དང་བོད་ལྗོངས་དམག་ཁུལ་གྱི་དབུ་ཁྲིད་བློ་མཐུན་འཆམ་འཁྲབ་གཟིགས་མོར་གདན་འདྲེན་ཞུ་སྲོལ་ཡོད། སྤྱི་ལོ༡༩༥༩ལོའིབོད་ས་ཕག་ལོ)“དགུ་གཏོར་འཆམ་འཁྲབ་དུས་ཆེནའཚོགས་དུས་བོད་ལྗོངས་དམག་ཁུལ་གྱི་སྲིད་ཨུད་པ་ཐན་ཀོན་སན་དང་དམག་སྤྱི་གཞོན་པ་ཏེང་ཧྲའོ་ཏུང་གཉིས་གདན་འདྲེན་ཞུས་ཡོད་པ་རེད།

སྐབས་དེ་དུས་ཏཱ་ལའི་བླ་མས་ཁོང་གི་གཟིགས་ཤག་ཏུ་ཁོང་གཉིས་དང་མཇལ་འཕྲད་གནང་དུས་རང་འགུལ་གྱིས། གོ་ཐོས་ལྟར་ན་བོད་ལྗོངས་དམག་ཁུལ་རིག་རྩལ་ལས་དོན་ཚོགས་པས་རྒྱལ་ནང་དུ་སློབ་སྦྱོང་བྱས་ནས་ཕྱིར་ལོག་རྗེས་འཁྲབ་སྟོན་བྱས་པའི་འཁྲབ་ཚན་གསར་པ་དེ་ཧ་ཅང་ཡག་པོ་ཡོད་པ་སྐད། ང་ཡང་ཐེངས་གཅིག་ལྟ་འདོད་འདུག་པས་དེ་དོན་ཁྱེད་ཚོས་བཀོད་སྒྲིག་ཅིག་གནང་རོགས་ཞེས་གསུངས་སྐབས། ཐན་དང་ཏེང་གཉིས་ནས་དེ་གར་སྤྲོ་བཞིན་དུ་དེ་དེ་ལྟར་དུ་བྱེད་རྒྱུ་ཁས་ལེན་གནང་བ་མ་ཟད། ཏཱ་ལའི་བླ་མར། ལས་དོན་དེ་སྒྲུབ་བདེ་པོ་ཡོད་པ་རེད། ཏཱ་ལའི་བླ་མ་མཆོག་ནས་དུས་ཚོད་གཏན་འཁེལ་གནང་ན། དམག་ཁུལ་ནས་དུས་ཐོག་ཏུ་རིག་རྩལ་ལས་དོན་མི་སྣ་ནོར་བུ་གླིང་ཁའི་ནང་ཁྱེད་ཀྱི་ཆེད་དུ་འཁྲབ་སྟོན་བྱེད་པར་མངགས་རྒྱུ་ཡིན།ཞེས་གསུང་པ་དང་། ཏཱ་ལའི་བླ་མས། ནོར་བུ་གླིང་ཁར་ཕྱིན་ན་སྟབས་བདེ་པོ་མེད། དེ་གར་གར་སྟེགས་དང་སྒྲིག་བཀོད་གང་ཡང་མེད་པས་དམག་ཁུལ་ནང་དུ་འཁྲབ་སྟོན་བྱོས་ཞེས་བརྗོད་པ་རེད།

སྤྱི་ལོ༡༩༥༩ལོའི་སྤྱི་ཟླ༣པའི་ཚེས༩ཉིན་གྱི་ཕྱི་དྲོའི་ཆུ་ཚོད༣པའི་གཡས་གཡོན་ཙམ་ལ། བོད་ལྗོངས་རིག་རྩལ་ལས་དོན་ལྷན་ཚོགས་ཀྱི་ཨུ་ཡོན་དང་འཐབ་ཕྱོགས་གཅིག་གྱུར་པུའུའི་བློ་མཐུན་ལི་ཙུའོ་མིན་ངའིང་ཕོད་མཆོགཁྱིམ་དུ་ཕེབས་ནས། ཁོང་གིས་ང་ལ་ཏྰ་ལའི་བླ་མ་སྤྱི་ཟླ༣འི་ཚེས༡༠ཉིན་དམག་ཁུལ་དུ་རིག་རྩལ་ལས་དོན་ཚོགས་པའི་འཁྲབ་སྟོན་ལ་གཟིགས་པར་འགྲོ་རྒྱུ་ཡིན་སྐོར་ལབ་པ་དང་། ད་དུང་ཏྰ་ལའི་བླ་བའི་དགོངས་བཞེད་ལྟར་ན། བཀའ་ཤག་སྲིད་གཞུང་སྤྱི་ཚེས༡༠་ཉིན་ནོར་བུ་གླིང་གར་མི་ཕེབས་པར་ཐད་ཀར་དམག་ཁུལ་གྱི་རིག་རྩལ་འཁྲབ་སྟོན་ཁང་ཆེན་དུ་ཕེབས་དགོས་ཚུལ་གསུངས་བྱུང་ཞེས་ཟེར། ངའི་བསམ་པར་ཏྰ་ལའི་བླ་མས་བཀོད་སྒྲིག་དེ་འདྲ་གནང་དོན་ག་རེ་ཡིན་ནམ། རྒྱུན་སྲོལ་ལྟར་ན། བྱེད་སྒོ་དེ་སྤེལ་སྐབས། བཀའ་ཤག་སྲིད་གཞུང་གི་དཔོན་པོ་རྣམས་སྔོན་ལ་ནོར་བུ་གླིང་ཁར་ཕེབས་པ་དང་། དེ་རྗེས་ད་གཟོད་ཏཱ་ལའི་བླ་མ་ཕེབས་གནང་གི་རེད། ངའི་བསམ་བློའི་ནང་དེ་རྒྱུན་གཏན་དང་མི་འདྲ་བས། གནས་ཚུལ་ཞིག་ལྷགས་རྒྱུ་ཡིན་སྙམ་པའི་ཚོར་བ་ཞིག་སྐྱེས་བྱུང་། དེ་ནས་ངས་ལི་ཙུའོ་མིན་ལ། དེ་རིང་ཁ་སང་ལྷ་སའི་གནས་སྟངས་ཟང་ངི་ཟིང་ངི་ཆགས་འདུག་པས། འཚབ་བེ་འཚུབ་བེའི་ངང་ནས་ཏྰ་ལའི་བླ་མ་དམག་ཁུལ་དུ་གཟིགས་མོ་གཟིགས་པར་ཕེབས་རྒྱུ་གཏན་འཁེལ་བྱས་ན་གནད་དོན་ལྷགས་དོགས་ཁ་པོ་རེད། ཅེས་ཞུ་སྐབས། ཁོང་གིས་ང་ལ། ད་ལྟ་ཐབས་ཤེས་གང་ཡང་མེད། རིག་རྩལ་འཁྲབ་ཚན་ལ་གཟིགས་པར་འགྲོ་རྒྱུའི་དུས་ཚོད་དེ་ནི་ཏྰ་ལའི་བླ་མ་སྐུ་ངོ་མས་གཏན་འཁེལ་གནང་བ་ཞིག་རེད། ད་ལྟ་འགྱུར་ཐབས་དཀའ་བས། དེ་ལྟར་གནང་བ་ལས་ཐབས་གཞན་མེད།  ཅེས་གསུངས་བྱུང་། ཉིན་དེ་གའི་ཕྱི་དྲོའི་ཆུ་ཚོད་བདུན་པ་བརྒྱད་པའི་སྐབས་སུ་ང་ལ་བཀའ་བློན་ཐུབ་བསྟན་གྱི་ཁ་པར་ཞིག་འབྱོར་བའི་ནང་། སྤྱི་ཟླ༣པའི་ཚེས༡༠ཉིན་གྱི་སྔ་དྲོའི་ཆུ་ཚོད༡༠པའི་སྐབས་ཏྰ་ལའི་བླ་མ་དམག་ཁུལ་དུ་འཁྲབ་སྟོན་ལ་གཟིགས་མོ་གཟིགས་པར་ཕེབས་རྒྱུ་ཡིན་པས། བཀའ་བློན་པ་ཚང་མ་ཆུ་ཚོད༩པར་ནོར་བུ་གླིང་ཁར་ལྷན་འཛོམས་གནང་སྟེ། ཏྰ་ལའི་བླ་མ་ཕེབས་ཐབས་ཐད་ཞིབ་འཇུག་གནང་རྗེས་ཁོང་དང་ལྷན་དུ་ཕེབས་དགོས་ཚུལ་གསུངས་བྱུང་།

སྤྱི་ཟླ༣པའི་ཚེས༡༠ཉིན་གྱི་སྔ་དྲོའི་ཉིན་གུང་སྐབས་ནི་བོད་རང་སྐྱོང་ལྗོངས་གྲ་སྒྲིག་ཨུ་ཡོན་ལྷན་ཚོགས་ཀྱི་ཆབ་སྲིད་སློབ་སྦྱོང་བྱེད་པའི་དུས་ཚོད་ཡིན་པས། ང་ཐད་ཀར་ནོར་བུ་གླིང་ཁར་མ་བཅར་བར། དཔོན་ཞབས་པ་ཁྲིད་ནས་སྔོན་ལ་གྲ་སྒྲིག་ཨུ་ལྷན་གྱི་ཆབ་སྲིད་སློབ་སྦྱོང་གི་གཙོ་སྐྱོང་ཞུ་བར་བཅར་བ་དང་དུས་མཚུངས། ནོར་བུ་གླིང་ཁའི་ཁ་པར་སྒུག་ནས་བསྡད་པ་ཡིན། མཐའ་འཁོར་གྱི་གནས་སྟངས་ལ་ལྟ་ཞིབ་བྱས་ཀྱང་། གནས་ཚུལ་གང་ཡང་མི་འདུག དེ་ནས་སྐར་མ༡༠མ་འགོར་བར། བོད་ལྗོངས་དམག་ཁུལ་གྱི་དམག་སྤྱི་གཞོན་པ། བོད་ལྗོངས་ས་གནས་སྲིད་གཞུང་གི་བཀའ་བློན། བོད་དམག་ཁུལ་གྱི་དམག་སྤྱི་གཙོ་བོ་བཅས་ཀྱི་ཕྱག་ལས་ཀྱི་འགན་གཅིག་ལྕོགས་སུ་བཞེས་མཁན་བཟང་པོ་ཚེ་དབང་རིག་འཛིན་རླངས་འཁོར་ལ་བཞུགས་ནས་ནོར་བུ་གླིང་ཁར་ཕེབས་སྐབས། ནོར་བུ་གླིང་ཁ་དང་བར་ཐག་མི་རིང་བའི་ས་ནས་མི་གཞན་གྱིས་རྡོ་བཞུས་ནས་ཁོང་གི་དབུ་ལ་རྨས་སྐྱོན་ཕོག་པ་དང་། ལམ་སེང་ཁོང་བདེ་སྐྱིད་གླིང་རྒྱ་གར་བཅའ་སྡོད་ལྷ་སའི་གཞུང་སྒྲུབ་ཁང་གི་སྨན་བཅོས་ཁང་དུ་བསྐྱལ་ཏེ་རྨ་རས་དཀྲིས་པ་ཡིན།

ཆུ་ཚོད༡༠པའི་རྗེས་ལ། འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ་གྱི་གཅེན་པོ་མཁན་ཆུང་བསོད་ནམས་རྒྱ་མཚོ་ངོ་ལོག་པས་ནོར་བུ་གླིང་ཁའི་སྒོ་མདུན་དུ་བསད་པ་རེད། བྱས་ཙང་། ཏྰ་ལའི་བླ་མ་དམག་ཁུལ་དུ་འཁྲབ་སྟོན་གཟིགས་མོ་གཟིགས་པར་ཕེབས་ཐུབ་མེད་ལ། ང་ཚོ་ཡང་ནོར་བུ་གླིང་ཁའི་ནང་འགྲོ་ཐུབ་པ་བྱུང་མེད། ང་རང་སྐབས་དེ་དུས་གྲ་སྒྲིག་ཨུ་ཡོན་ལྷན་ཁང་ནས་དམག་ཁུལ་དུ་ཕྱིན་པ་ཡིན། དེ་ནི་སྤྱི་ལོ༡༩༥༩ལོའིགསུམ་བཅུའི་དོན་རྐྱེནབྱུང་རྐྱེན་གྱི་བརྒྱུད་རིམ་ཚང་མ་རེད། ཅེས་གསུངས་གནང་བ་རེད།