བུད་མེད་འཕྲོག་བརླག་གཏོང་བྱེད་ཀྱི་གཏམ་བརྗོད་ཁག་བདུན།
གང་མགྱོགས་ཀྱིས་དེ་དང་ཁ་བྲལ་ཐབས་བྱེད་ཀྱི་ཡོད། འོན་ཀྱང་སྡུག་ཅག་རྫུན་མ་ཟེར་བ་དེ་ཚོ་ནི་སྤྱི་བཏང་གི་ཆ་ནས་རྫིག་ཉམས་བཏོན་ མཁན་གྱི་སྐྱེས་པ་ཡིན་ཞིང༌།དེ་དག་མཐོང་བ་ཙམ་གྱིས་བུད་མེད་རྣམས་ཞེ་མེལ་ནས་ སྐྱུག་གྲབས་བྱེད་ཀྱི་རེད།དེ་མ་ཟད་སྡུག་ཅག་ཟེར་བའི་སྐྱེས་པ་དེ་ཚོར་རང་ངོས་ ནས་གཞན་གྱིས་ཕྱི་ཕུད་གཏོང་མི་ཡོང་མང་སྙམ་པའི་དོགས་གཞི་ཡོད་ལ།གློག་བརྙེན་ གཅིག་ནང་སྐྱེས་པ་བཟང་པོའི་གཟུགས་བརྙེན་དེ་དག་དུས་ཡུམ་ནང་སྐད་གྲགས་ཆགས་ཐུབ་ པའི་གནས་སྟངས་ཐོག་ནས་དཔག་ཐུབ་བོ།
སྐྱེས་པས་བུད་མེད་མཛེས་མ་ལྐུགས་འཚུབ་འཚུབ་ལ་དགའ་ཟེར་བའི་གཏམ་གཉིས་པ།
དབྱིན་ ཇིའི་རྒྱལ་མོ་ཏེ་ཨན་ན་ཡིས་རྒྱལ་སྲས་ཀྱི་སེམས་འགུག་ཕྱིར་སྐུ་གཟུགས་རྩ་རིས་ སྨྱུག་མ་རྒྱུན་འཁྱོང་བྱེད་པ་དང༌། མོ་རང་ཟ་མ་ཟས་རྗེས་ལམ་སེང་སྐྱུག་གི་ཡོད་པ་དེ་ནི་གཟུགས་མཛེས་པོ་ཡོང་བའི་ཆེད་ དུ་ཡིན་ཞིང་།དེའི་རྗེས་སུ་རྟག་ཏུ་སྐྱུག་དགོས་པའི་གོམས་གཤིས་ལྟར་གྱི་ན་ཚ་ ཞིག་གྱུར་ཡོད་པར་བརྟེན།རྒྱལ་སྲས་ཀྱིས་དེར་དགའ་ཚོར་བྱེད་རྒྱུ་བཞག་ནས་མོ་ལ་ ཞེ་མེལ་བའི་ཚུལ་གྱིས་ངའི་འཆང་སའི་དུས་བཟང་ཡོངས་རྫོགས་ནང་སྐྱུག་མེལ་གྱི་དྲི་ ངན་ཁྱབ་ནས་ཡོད་ཅེས་བཤད་ཡོད་པ་རེད།
རྒྱལ་སྲས་དང་ཏེ་ཨན་ན་ཁ་བྲལ་སྐབས།མོའི་མདུན་ངོས་ཀྱི་འོ་འཛིན་དེའི་ཚད་ཆེ་ཆུང་ནི་35།28།35།ཡིན་ ཞིང༌།མཛེས་བཟོ་མཁན་གྱིས་དེ་ནི་བསམ་ཡུལ་ལས་འདས་པའི་གཟུགས་ཉམས་ཡིན་སྐོར་ བརྗོད་ཅིང༌།དེའང་ཆེས་ཡིད་དུ་འོངས་པའི་ཡུག་ས་མ་ཞིག་གི་མཛེས་ཉམས་རེད།འོན་ཀྱང་ མདོག་ཉེས་ཅིང་རྒས་ཤིང་འཁོག་པའི་བུད་མེད་གཞན་ཞིག་སྟེ་ཏེ་ཁ་མི་ལ་ཟེར་བ་དེ་ནི་ རྒྱལ་སྲས་ཀྱི་ལོ་ངོ་བཅུ་གྲངས་ཁ་ཤེས་སེམས་ཆགས་ཅིང་དུང་བ་ཟབ་སའི་བུད་མེད་ཅིག་ རེད།མོས་རྒྱལ་རྒྱུད་ཀྱི་གཉེན་སྒྲིག་འཁྲོག་བརླག་བཏང་སོང་ཟེར་མཁན་ཚོས་ཀྱང༌། སྐད་ཆ་དྲང་མོ་བཤད་ན་མོ་རང་རྒྱུས་ཡོད་མཁན་ཚོས་མོ་ལ་མི་དགའ་མཁན་མེད་པར་ངོས་ འཛིན་བྱེད་ཀྱི་ཡོད་པ་རེད། མོ་ནི་སྤྱང་དྲུང་འཛོམས་པ་མ་ཟད། ད་དུང་རྩེད་མཚར་བྱེད་རྒྱུར་སྤྲོ་པོ་ཡོད། ཅེས་བཤད་ཅིང༌།མི་ཚོས་མོ་ནི་མཚན་ཚོགས་ཐོག་གི་རྒྱལ་མོ་རང་རེད།མོས་རིག་གནས་དང་ སྒྱུ་རྩལ།ཆབ་སྲིད་དང་དཔལ་འབྱོར་ཚང་མར་དལ་པོའི་ངང་ནས་གླེང་སློང་བྱེད་ཀྱི་ ཡོད་པ་རེད་ལ༌།ནང་དུ་སླེབས་ཚར་དུས་ཀྱང་ཏེ་ཁ་མི་ལ་ནི་ཚོར་ཤུགས་དྲག་ཅིང་བག་ ཡངས་ཀྱི་དགའ་རོགས་གཅིག་ཡིན་པར་བཤད་ཀྱི་ཡོད།མོ་རང་རྒྱལ་སྲས་དང་ཐོག་མར་ཐུག་ དུས་མོས་རྒྱལ་སྲས་ལ་བུ་མོ་ཆུང་ཆུང་ལྟར་ངོ་ཚའི་རྣམ་པས་འཚམས་འདྲི་བྱས་མེད་པ་ མ་ཟད།མོས་རྒྱལ་སྲས་ལ་འདི་ལྟར་བརྗོད་ཡོད་དེ།ངའི་མེས་མོའམ་རྨོ་རྨོ་དམ་པ་ཁོང་ མོ་ནི་ཁྱེད་ཀྱི་མེས་པོ་རྒས་པོ་དེའི་དགའ་རོགས་རེད།རྒྱལ་སྲས་ཁྱེད་ཀྱིས་ལྟས་ན་ ང་གང་འདྲ་འདུག་ཅེས་བཤད་པར་སྐད།
དེར་ རྒྱལ་པོས་ལན་དུ་།དེ་སྔོན་གྱི་དབྱིན་ཇིའི་རྒྱལ་མོ་ཏེ་ཨན་ན་ནི་སློབ་གྲྭའི་ དུས་སུ་ཡིག་རྒྱུག་བསྐྱར་ལེན་སྐབས་སུའང་རྒྱུག་མ་འཕྲོད་པའི་མཐོ་རིམ་སློབ་མ་ ཙམ་རེད་བཅས་རྒྱལ་པོས་བརྗོད་པ་རེད།
སྐྱེས་ པའི་ངོས་ནས་བུད་མེད་ཀྱི་ལུས་གཟུགས་ཐོག་མཛེས་སྡུག་ནི་གལ་ཆེན་གྱི་ཆ་ཤས་བརྩི་ སྲོལ་ཙམ་རེད།འོན་ཀྱང་བརྩེ་དུང་ནི་ཁྱབ་བསྒྲགས་ཡི་གེ་ལྟར་མ་རེད་ལ།མཚན་གཅིག་ གི་འདོད་ཞེན་ཡང་མ་རེད།མཛེས་སྡུག་དེའི་ཕྱི་ཚུལ་གྱི་རྣམ་པ་ཉམས་འགྲོ་བའི་སྐབས་ སུ།གལ་ཏེ་ཉིན་གཅིག་ཁྱོད་ཀྱིས་འགུལ་སྤྱོད་ཀྱང་མང་པོ་མི་ཐུབ་ཅིང་ལྐུགས་འཚུབ་ འཚུབ་ཀྱི་དགའ་རོགས་གཅིག་ལ་ཁ་ཕྱོགས་དགོས་ཚེ།དེ་ནི་འཚོ་བ་ཡོངས་ཀྱི་བྲོ་བ་ཉམས་ ཚར་བའི་མི་ཚེ་གཅིག་མིན་ནམ།བུད་མེད་མདུན་ནས་སོ་སོའི་ལ་རྒྱ་འཚོལ་ཐབས་སམ་མཛེས་ མར་བརྟེན་ནས་སྒེར་གྱི་གོ་ས་ངོམས་བཟོ་བྱེད་མཁན་གྱི་སྐྱེས་པ་དེ་དག་ལ་མཚོན་ན། ལྐུགས་འཚུབ་འཚུབ་ཀྱི་མཛེས་མ་དེ་དག་ལ་སེམས་ཧ་ཅང་ཤོར་སྲིད་མོད།འོན་ཀྱང་དེའང་ གླན་ལྐུགས་གཅིག་གི་མཛེས་རྩལ་གྱི་ལྟ་བ་དང་དད་འདུན་ཡིན་ཕྱིན་དེར་ཁེངས་སྤོབས་ དགོས་དོན་ཅི་ཡང་མེད་དོ།
སྐྱེས་པས་བུད་མེད་ལ་མིག་ཆུ་གཏོང་བཅུག་གི་མེད་ཟེར་བའི་གཏམ་གསུམ་པ།
སྐྱེས་ པ་ནི་བུད་མེད་ཚོའི་སྐྱབས་གནས་མ་རེད་ལ། བུད་མེད་ནི་འདམ་བཟོས་ཀྱི་རྩེད་ཆས་ཀྱང་མིན། བརྩེ་དུང་ལྡན་པའི་གང་ཟག་ཅིག་ལ་མཚོན་ན། གུ་ཡངས་དང་བསམ་ཤེས་ནི་འོས་ཤིང་འཚམས་པ་ཞིག་ཡིན། འོན་ཀྱང་དེར་ཚོད་འཛིན་གང་ཡང་མེད་ཅིང༌། ཚོད་འཛིན་མེད་པའི་རེ་འདུན་ནི་ལུགས་མཐུན་མ་རེད། འདྲ་མཉམ་ཟེར་བའི་རྨང་གཞིའི་ཐོག་ད་ཆ་མི་དང་མིའི་དབར་ལ་བདེ་ཐང་དང་གཏིང་ཟབ་ ཀྱི་བརྩེ་དུང་འབྱུང་ཐུབ། སྐྱེས་པ་དང་བུད་མེད་ཚང་མ་མི་ཡིན་པ་གཅིག་མཚུངས་རེད། ཚང་མས་སོ་སོའི་གཤིས་ཀ་དང་ལུགས་སྲོལ་ཡོད་ངེས། དེ་བཞིན་ཕྱོགས་གཉིས་ཀར་ལེགས་ཉེས་དང་བཟང་ངན་ཡོད་བསྟན་འཁེལ་བར་བརྟེན། ཕན་ཚུབ་དབར་རྙོགས་འཛིང་ཏོག་ཙམ་ཡོད་པར་ཡ་མཚན་སྐྱེ་དགོས་དོན་མེད། རྙོགས་དྲ་ཏོག་ཙམ་འབྱུང་སྐབས་ཕོ་མོ་ཕྱོགས་གཉིས་ཀྱིས་སོ་སོའི་ངོས་ནས་ལེགས་ བཅོས་ག་འདྲ་དགོས་མིན་དེ་ཡིན་དགོས་པ་ལས། སྐྱེས་པ་ཕྱོགས་ཁོ་ནས་བཟོད་བསྲན་དང་འགན་འཁྱེར་དགོས་དོན་མེད་པ་རེད།
བུད་ མེད་ཀྱི་བརྩེ་བ་ནི་སྐྱེས་པ་ལས་ཅུང་ཉམས་ཆུང་ཡིན་ཞིང༌། སྐྱེས་པ་ཚོས་གུ་ཡངས་པོ་འདྲ་བྱེད་ན་འགྲིག་མོད། སྐྱེས་པའི་ཕྱོགས་ཁོ་ནས་བུད་མེད་ཀྱི་སེམས་ཁམས་ལ་ལྟ་རྟོགས་དགོས་པའི་སྐོར་མཁས་ དབང་པ་ཨེར་ཀྲ་ཁེས་དཔེ་མཚོན་འདི་འདྲ་ཞིག་བཞག་ཡོད་དེ། དེ་ནི་མི་རྒོད་ཆེན་པོ་ཞིག་གིས་སྒྲ་སྙན་ཆུང་ཆུང་ཞིག་དཀྲོལ་བ་དང་མཚུངས། ཅེས་སྨྲས་སོ། རྙོགས་འཛིང་ཆུང་ཆུང་ཡོད་པ་དང༌། མིག་ཆུ་ཏོག་ཙམ་བཏང་བ་། རླུང་ལངས་པའི་སྐད་ཆ་ཏོག་ཙམ་བཤད་པ་གལ་ཆེན་པོ་དེ་འདྲ་བརྩི་དགོས་དོན་མེད་པ་ རེད། དེས་མ་ཚད། བུད་མེད་ཟེར་བ་ནི་ཚོར་ཤུགས་རྣོ་པོ་ཡོད་སྟབས། མིག་ཆུ་ཏོག་ཙམ་བཏང་བ་དེའང་སྒེར་གྱི་ཚོར་ཤུགས་མངོན་པ་ཙམ་ཡིན་ལ། དེར་སྐྱིད་པོ་འདྲ་ཡོད། བུད་མེད་ཅིག་བརྩེ་དུང་ཆེད་དུ་མི་ཆུ་མི་ བཏང་ཟེར་ན་ནི། བུད་མེད་དེ་སྡུག་ཡུས་ནང་ཚུད་ཚར་བར་ངེས། བུད་མེད་མང་པོ་ཞིག་གིས་མིག་ཆུ་ཕྱི་བྱེད་གྲ་སྒྲིག་ཨང་གསར་ཡོད་པའི་སྒོ་ནས་ བརྩེ་དུང་གི་ཚོར་ཤུགས་ཆེན་པོ་འབར་བའི་བརྙེན་འཕྲིན་ལྟ་བའི་དུས་ཀྱི་རྣམ་པ་ ཐོག་ནས། མཚམས་རེར་མིག་ཆུ་གཏོང་བ་དེ་ནི་བུད་མེད་ལ་མཚོན་ན་རྩེད་མོའི་ཚུལ་ཞིག་རེད་ལ། མོ་རང་སོ་སོའི་སྙན་ངག་གི་ཚོར་འདུ་ངོམས་པ་དང༌། བརྩེ་དུང་གི་བྲོ་བ་མྱོང་བའི་ཐབས་ལམ་ཞིག་རེད། གལ་ཏེ་སྐད་ཆ་དེ་སྐྱེས་པ་ཚོས་བུད་མེད་ལ་གདུག་རྩུབ་ཀྱིས་མནར་གཅོད་གཏོང་མི་ རུང་ཞེས་པར་འགྲེལ་མཁན་ཡོད་ན། དུས་མཚུངས་སུ། བུད་མེད་ཚོས་སྐྱེས་པ་ཚོར་གདུག་རྩུབ་ཀྱིས་མནར་གཅོད་གཏོང་མི་རུང་ཞེས་ཁ་གསབ་ རྒྱག་དགོས་པ་རེད། འོན་ཀྱང་དེ་ནི་སྐད་ཆ་གང་ཡང་བཤད་མེད་པ་ལྟར་རེད༎
ནམ་ཡང་མཉམ་དུ་འཛོམས་མ་ཐུབ་ཀྱང་དེ་སྔོན་ཕན་ཚུན་དབང་བས་ཆོགས་ཅེས་པའི་གཏམ་བཞི་བ།
དུས་ རྒྱུན་བཟའ་ཚང་དབར་འཚང་མཁན་ཚོས་གོང་གསལ་གྱི་སྐད་ཆ་ལྟར་བཤད་ཀྱི་ཡོད་ཀྱང༌། དེ་རྗེས་མང་ཆེར་གྱིས་ངུ་ན་ཨེ་དྲག་འབོད་ན་ཨེ་དྲག་ལྟ་བཞིན་ནམ་ཡང་མཉམ་དུ་ འཛོམས་དགོས་བརྗོད་ཀྱི་རེད། འདི་ལྟར་སོ་སོས་རང་ལ་མགོ་བསྐོར་གཏོང་དགོས་པའི་རྒྱུ་མཚན་ག་རེ་ཡོད་དམ། བརྩེ་དུང་ནང་བདག་འཛིན་བྱེད་བསམ་པའི་འདོད་སེམས་ནི་ང་ཚོས་དོར་ཐབས་མེད་པའི་རང་ གཤིས་ཤིག་རེད། ཁྱོད་རང་བྱེད་པོའམ་འཐབ་འཛིང་པ་ལྟ་བུ་ཡིན་ན་ཁྱོད་ཀྱིས་ངེས་པར་དུ་མདའ་དང་ མཚོན་ཆའི་རིགས་གྲ་སྒྲིག་དགོས་ངེས་ལྟར་རེད། བརྩེ་དུང་རྒས་བཞིན་པའི་སྐབས་སུ་ཁྱོད་ཀྱིས་དེ་སྲུང་སྐྱོར་དགོས་བསམ་ནའང་ཁྱོད་ ཀྱིས་བདེ་འཇགས་ལྡན་པའི་གྲོང་ཁྱེར་དེར་རེ་འདུན་ཆེན་པོ་གང་འདྲ་ཞིག་བཅངས་མེད་ དམ། ཕྱོགས་གཞན་གྱི་གནས་སྟངས་ཤིག་ནི་འགན་ལེན་མི་ཐུབ་པ་དེ་ཡིན། གནས་ཚུལ་མ་འབྱུང་བའི་སྔོན་དུ་བརྗོད་ཟིན་པའི་སྐད་ཆ་ནི་ད་ལྟའི་དུས་སུ་མཉམ་དུ་ སྡོད་ཆོགས་ཀྱང་མ་འོངས་སྐོར་མི་གླེང་བཤད་ཀྱི་ཡོད།
ངའི་ གྲོགས་མོ་གཅིག་གི་དགའ་རོགས་ཀྱིས་མོ་རང་ལ་རྟག་ཏུ་མ་འོངས་པར་ང་གཉིས་ཡིན་གཅིག་ བརྙེན་སྒྲིག་དགོས་དོན་མེད་ཟེར་བ་དེ་རེད། དེ་འདྲར་ལྟས་ཡོང་དུས། མོས་ཟེར་ཡ་ལ་ངས་ཡིན་གཅིག་ཁོ་རང་འཇུས་ནས་བསྡད་དགོས་ངེས་ཟོལ་འདྲ་འདུག་ཟེར། མཐར་ངའི་གྲོགས་མོ་ཁོང་ཁྲོ་འབར་ནས། དེ་སྔོན་ངེད་གཉིས་ལ་ཡོད་པ་དེ་ཚོ་ཡོངས་རྫོགས་ཀྱང་ད་ཆ་མི་དགོས་པ་བཏང་ཚར་བ་ ཡིན་ཟེར། མོའི་དགའ་རོགས་སྔོན་མར་སྐད་ཆ་དེས་རྡུང་རྡེག་ཕོག་ནས། གློ་བུར་དུ་མོ་དང་ཁ་བྲལ་ཐབས་མེད་པ་ལྟར་གྱུར་ནས་མོ་རང་ལ་འཆང་ས་བརྒྱབ་པའི་རེ་ འདུན་ཡང་བཏོན་འདུག འོན་ཀྱང་ངའི་གྲོགས་མོ་དེས་མོའི་དེ་སྔོན་གྱི་དགའ་རོགས་ལ་ཕྱི་མིག་ཙམ་མ་ལྟས་ པར་ཕྱིན་པ་རེད།
ཕན་ཚུན་རྒྱུས་ལོན་མེད་པའི་དབང་གིས་མཉམ་དུ་གཤིབ་པ་ཡིན་ཟེར་བའི་གཏམ་ལྔ་པ།
ཕན་ ཚུན་རྒྱུས་ལོན་པའི་དབང་གིས་ཁ་བྲལ་བ་ཟེར་བའི་གནའ་གཏམ་ལྟ་བུ་ནི་ཡུན་རིང་པོ་ ཞིག་ཏུ་དར་ཁྱབ་འགྲོ་བཞིན་པ་རེད། རིག་པའི་གཞུང་ལུགས་ཐོག་ནས་བཤད་ན་དེ་ནི་བར་ཐག་ངེས་ཅན་ས་ནས་མཛེས་སྡུག་མཐོང་ ཐུབ་ཟེར་བ་དེར་གཞི་བཅོལ་ཡོད་པ་ཞིག་རེད། བཤད་སྲོལ་ལ། རྒྱང་རིང་ས་ནས་མེ་ཏོག་ཅིག་ལ་ལྟ་བ་དང༌། དེ་མིན་ཉེ་ས་ནས་ལྟ་དུས་ཚེར་མ་དང་མཚུངས་ཟེར་གྱི་ཡོད་པར་བརྟེན། བརྩེ་དུང་དང་བརྙེན་སྒྲིག་གི་སྣེ་ཤེན་ཞིག་ཀྱང་དུས་མཚུངས་སུ་དར་བཞིན་པ་ཡིན། འཆང་སའི་གོ་རིམ་ནང་བཟའ་ཚང་ཕན་ཚུན་དབར་ཡ་མཚན་གྱི་རྣམ་པ་ཞིག་རྒྱུན་འཁྱོང་ དགོས་སྐོར་དང༌། དེའི་ནང་དུ་ཕ་རོལ་པོའི་མདུན་ནས་སོ་སོའི་གཟུགས་ཕུང་མ་ངོམས་ཟེར་སྲོལ་འདུག ངའི་གྲོགས་པོ་ཞིག་ཉེ་དུས་བཟའ་ཚང་དང་ཁ་བྲལ་བ་རེད། ཁོའི་དེ་སྔོན་གྱི་བཟའ་ཟླ་དེས་བཟའ་ཚང་དབར་ཡ་མཚན་གྱི་རྣམ་པ་ཞིག་རྒྱུན་འཁྱོང་ དགོས་ལུགས་ཀྱི་ལྟ་བ་ཞིག་འཁྱེར་ཡོད་སྐད་འདུག མོ་རང་གཟུགས་པོ་འཁྲུ་དུས་མོའི་ཁྱོ་བོ་ནང་དུ་ཡོང་ཆོགས་ཀྱི་མེད་ལ། གལ་ཏེ་གཟབ་གཟབ་མ་བྱེད་པར་གློ་བུར་དུ་འཁྲུས་ཁང་དུ་འཛུལ་ཤོར་བ་ཡིན་ཚེ། མོས་སྐད་ཆེན་པོ་བརྒྱབ་ཅིང་ཆུ་རས་ཀྱིས་གཟུགས་པོ་བཀབ་ནས་མོའི་ཁྱོ་བོ་ཁྲམ་པ་ ཡིན་པའི་ཟོལ་འདྲ་བྱེད་ཀྱི་ཡོད་པ་རེད། མོའི་ཁྱོ་བོས་དེ་འདྲ་རང་དང་བྱེད་དགོས་ཨེ་ཡོད་དམ། ངས་མོའི་གཟུགས་ཕུང་མཐོང་མ་མྱོང་བ་ནི་མ་རེད་ཟེར།
དེ་ བཞིན་སེམས་ཁམས་རིག་པའི་ཐོག་ནས་བརྗོད་གསལ་ལྟར་ན། གནས་སྟངས་དེ་འདྲས་མི་ལ་ཞེ་མེལ་ཞིང་ཁ་བྲལ་འདོད་ཀྱི་བསྐུལ་སློང་བསླང་གི་ཡོད་ སྐད། འོན་ཀྱང་ངས་དྲི་བ་འདོན་བསམ་པ་ནི། མི་ཞིག་ལ་རྒྱུས་ལོན་བྱེད་པར་དེ་འདྲ་གནས་སྟངས་སྟབས་བདེ་ཞིག་ཡོད་དམ། ལོ་ཁ་ཤས་རིང་ཁོ་ནས་ཁྱོད་དགའ་པོ་མེད་པའི་བུད་མེད་ཅིག་ལ་རྒྱུས་ལོན་དང་ཞེ་མེལ་ ནས་མོ་དང་ཁ་བྲལ་བ་རེད།
དགོན་ པ་གཅིག་ནང་གཏན་ཚིག་འདི་འདྲ་ཞིག་ཡོད་། སོ་སོ་ངོ་ཤེས་པ་གྱིས། ཟེར་བ་ནི་ལོ་ངོ་སྟོང་ཁྲག་རིང་གི་བསླབ་བྱ་གཅིག་རེད། མི་ཟེར་བ་སོ་སོས་རང་ལ་རྒྱུས་ལོན་བྱེད་པར་དཀའ་ཁག་དེ་ལྟར་ཡོད་ན་རིགས་མི་འདྲ་ བའི་ཕ་རོལ་པོ་ཞིག་རྒྱུས་ལོན་བྱེད་པར་ལས་སྟབས་བདེ་ཞིག་ཨེ་ཡིན་ནམ། དེ་ལས་ལྡོག་སྟེ། རྒྱུས་ལོན་གྱི་རྨང་གཞི་ཡོད་པའི་ཐོག་ནས་བརྩེ་བ་བཅངས་པ་དེ་ནི་གཏིང་ཟབ་དང་ རྒྱུན་རིང་གནས་ཐུབ་པ་ཞིག་རེད། ཕ་རོལ་པོ་ངོ་ཤེས་དང་རྒྱུས་ལོན་གྱི་གོ་རིམ་དུ་རང་ཉིད་ཀྱང་ངོ་ཤེས་ཅིང་རྒྱུས་ ལོན་དགོས་པ་དང༌། དེའི་དགའ་ཚོར་ནི་མཁྲིག་སྤྱོད་ཀྱི་འབྱུང་ཐུབ་པའི་ཚོར་ཤུགས་རྣོ་པོ་དེ་འདྲ་རང་ མིན་ཡང་། སྔོན་ལས་གཏིང་ཟབ་དང་སྟོབས་ཆེན་གྱི་ཚོར་ཤུགས་གཅིག་ཡིན་པར་གཏན་འཁེལ་བ་ཡིན་ནོ།
ཕན་ཚུན་ཁ་བྲལ་བ་ནི་ལས་འབྲས་ཡོད་ཀྱང་འབྱུང་འབྲས་མེད་ཟེར་བའི་གཏམ་དྲུག་པ།
ལས་ ཟེར་བ་ནི་ནང་ཆོས་ཀྱི་མཚོན་དོན་ཞིག་ཡིན། དེ་ནི་གཏིང་ཟབ་དང་ལས་རྒྱུ་འབྲས་ཀྱི་གོ་རིམ་ཡོད་པ་ཞིག་རེད། ད་ལྟའི་ཆར་སྐད་ཆ་དེས་བརྩེ་དུང་སྐོར་བཤད་ཡོང་དུས། དོན་དངོས་ཐོག་དེའི་ནང་དོན་ནི་ཧ་ཅང་སྟབས་བདེ་ལྟར་རེད། དེའང་མི་སྟོང་ཁྲག་མང་པོའི་ནང་ངས་ཁྱོད་རང་གཅིག་པུར་ཐུག་པ་གང་ཡིན་ནམ་ཟེར་བ་ ལྟར་རེད། ཕན་ཚུན་ཐུག་ནས་རྒྱུས་ལོན་པ། དེ་ནས་ཕན་ཚུན་བརྩེ་དུང་ཆགས་པ་ནི་ལས་སྟབས་བདེ་ཞིག་རྩ་བ་ཉིད་ནས་མིན། འོན་ཀྱང་བློ་ཕངས་པ་ཞིག་ལ། ཁ་གཏད་གཅོག་ཐབས་མེད་པའི་རྒྱུ་རྐྱེན་གང་མང་ཞིག་གིས་ང་གཉིས་ཁ་མི་བྲལ་ཐབས་མེད་ རེད། དེ་ནི་ལས་དབང་གིས་བཀོད་སྒྲིག་བྱས་པའི་འབྱུང་འབྲས་རེད། དེ་ནི་ང་གཉིས་ཀྱི་ནོར་འཕྲུལ་མ་རེད། དེ་ནི་ལས་དབང་གིས་བཀོད་སྒྲིག་བྱས་པའི་ནོར་འཕྲུལ་རེད།
གོང་ གི་གནས་སྟངས་ཐོག་ལྟས་ཚོད་ལ། དེ་ནི་དེང་རབས་མི་གཅིག་གིས་བཤད་པའི་རྒྱུ་མཚན་ལྟར་ཡང༌། དོན་དངོས་ཐོག་དེ་ནི་གནའ་བོའི་མི་ཚོས་མོ་ལུང་ལ་བརྟེན་པ་དང་ཁྱད་པར་ཅི་ཡང་མེད། བརྩེ་དུང་ཆགས་ནས་སྡུག་བསྔལ་འབྱུང་བ་དང༌། ལམ་འགྲོ་མེད་པའི་སྐབས་སུ། སོ་སོའི་ནོར་འཁྲུལ་ལ་ཕྱི་མདང་རྒྱག་ཅིང་དེའི་རྒྱུ་རྐྱེན་ལ་བསམ་བློ་མ་གཏོང་བ། དེ་ནི་ཚང་མ་ལས་དབང་གིས་བཀོད་སྒྲིག་བྱས་ལུགས་བརྫོད་པ་ནི་བསམ་ཡུལ་ལས་འདས་པ་ ཞིག་མ་རེད་དམ།ལས་དབང་ནི་བཤད་མི་ཤེས་པ་གཅིག་ཡིན་ལུགས་དང༌། དེ་ནི་ཕྲུ་གུ་ཆུང་ཆུང་སྒྲོག་ཙེ་གཅིག་ལ་འཁོན་ནས་སར་གྱར་སྐབས་སོ་སོས་ཡིད་གཟབ་ དགོས་ལུགས་མ་བཤད་པར་སྒྲོག་ཙེ་དེར་བཞུས་པའི་རྫུན་དང་གཅིག་མཚུངས་རེད། དེང་རབས་སྤྱི་ཚོགས་སུ་གཉེན་སྒྲིག་རང་དབང་དང་དེར་ཁྲིམས་ཀྱི་འགན་སྲུང་ཡོད་པ་ ཞིག་ཡིན།བསམ་ཡུལ་ལས་འདས་པའི་ན་ཚ་བྱུང་བ་དང༌། ཡང་ན་འབྱུང་རྐྱེན་ངན་པ་འདྲ་བྱུང་བའི་གནས་ཚུལ་དག་ཕུད། སྤྱི་བཏང་ཆ་ནས་བཤད་ན། བརྩེ་དུང་དང་གཉེན་སྒྲིག་ཡིད་བཞིན་དུ་མ་བྱུང་བ་ནི་གང་ཟག་སྒེར་གྱི་མི་གཤིས་ ཀྱི་ལ་རྒྱ་དང་འབྲེལ་བ་ཡོད་པ་ཡིན། གལ་ཏེ་ཕན་ཚུན་དབར་གཤིས་སྤྱོད་དང་འཚོ་བའི་གོམས་གཤིས་འཚམས་པོ་མེད་པ་ཡིན་ན། འགྱུར་ལྡོག་གཏོང་ཐབས་མེད་པའི་གནས་སྟངས་འོག་ཡིན་ལུགས་ཀྱི་ཐོག་ནས་ཐག་གཅོད་ ཡོང་ཐབས་ནི་ཐབས་ཤེས་གཅིག་རེད། གལ་ཏེ་འཐུས་ཚང་གི་བསམ་ཤེས་མེད་པ་དང༌། བརྩེ་དུང་གི་སྒྱུ་རྩལ་མེད་པ་ཡིན་ན། དེ་ནས་མྱུར་དུ་ཁ་གསབ་ཡོང་ཐབས་བྱེད་དགོས་པ་རེད། བརྩེ་བ་ཡག་པོ་མེད་པ་ཚང་མར་རྒྱུ་མཚན་ཡོད་པ་རེད། ཁ་བྲལ་དགོས་པའི་རྒྱུ་མཚན་དེ་དག་འཚོལ་ཐབས་བྱེད་པ་ནི་ལུགས་མཐུན་གྱི་ཐབས་ལམ་ རེད། དེ་ནི་གཞན་ལ་ཁ་གཡར་ས་མེད་ཅིང༌། ལས་དབང་དང་ལས་འབྲས་སོགས་ལ་ཁ་གཡར་ས་བཙལ་ནའང་ཅི་ལ་འགྲིག
ཚུར་དགའ་བའི་མི་གཅིག་དང་འགྲོག་སྟེ་རང་ཉིད་ཀྱིས་དགའ་བའི་མི་དང་ཁ་བྲལ་དགོས་ཅེས་པའི་གཏམ་བདུན་པ།
གོང་ གི་སྐད་ཆ་བཤད་མཁན་ནི་མི་གཉིས་ཡིན་པ་གཏེན་འཁེལ་བ་རེད། སོ་སོར་དགའ་བའི་མི་ཞིག་འཚོལ་བ་དེ་ནི་ཁེ་སང་རག་ཐབས་གཅིག་ཀྱང་ཡིན་གཏན་འཁེལ་ རེད། ངོས་ལེན་བྱེད་པ་ཙམ་ལས་འགྲོ་སོང་དགོས་ཀྱི་མེད་པ་རེད། འོན་ཀྱང་ད་བར་ཁ་བྲལ་གཏོང་མཁན་གྱི་མི་ལ་བདེ་སྐྱིད་འབྱུང་ཚུལ་གོ་མྱོང་མེད། དེས་མ་ཟད། བརྩེ་བ་ཟེར་བ་ནི་ཚོང་བསྒྱུར་ཁོ་ནར་མིན་ལ། མ་རྩ་ནི་འགྲོ་སོང་ལས་མང་བ་ཡོད་ན་དེ་ན་ཁེ་སང་རག་པ་རེད། འོན་ཀྱང་བརྩེ་དུང་རང་ངོས་ནས་བཤད་ན་མི་ལ་དགའ་བ་ལས་མིས་རང་ཉིད་ལ་དགའ་བ་དེར་ སྨོན་འདུན་རྒྱག་དགོས་པ་ལྟར་རེད།
སེམས་ཁམས་རིག་པའི་ཆེད་མཁས་ཧྥོ་ལོ་ཡེ་ཏིའི་བརྩེ་དུང་གི་སྒྱུ་རྩལ་ཞེས་པའི་ བརྩམས་དེབ་ནང་བཟང་པོའི་ཆའི་བརྩེ་དུང་ཟེར་བ་དེས་ཐོག་མས་མི་ལ་ལེགས་སྐྱེས་ཕུལ་ དགོས་པ་ལས། མིའི་ས་ནས་གཅིག་རག་ཐབས་བྱེད་པ་དེ་མིན། གང་ཡིན་ཟེར་ན་ཕར་སྤྲད་པ་ནི་ཚུར་ལེན་པ་ལས་སྤྲོ་བ་ཆེ་བ་ཡོད་པས་ཡིན། སྤྲད་པ་ནི་རང་ངོས་ཉམས་དམས་བཏང་བ་མིན་ལ། དེས་ཕུན་ཚོགས་དང་སྟོབས་ཤུགས་མཚོན་གྱི་ཡོད་པ་རེད། དེ་ནི་དབུལ་ཕོངས་གཅིག་ཉམས་ང་བ་ཡིན་དགོས་པའི་རྒྱུ་མཚན་ནི་ཁོ་རང་དབུལ་ཕོངས་ ཡིན་པ་ཙམ་མ་ཟད། ཁོའི་མི་གཞན་ལ་སྤྲད་པ་ཞེས་པའི་ནུས་པའང་དུས་མཚུངས་སུ་མེད་པ་གྱུར་བས་ཡིན། ཕ་རོལ་པོར་བརྩེ་བ་སྤྲད་པ་ལས་མིས་རང་ཕྱོགས་ལ་བརྩེ་བ་མ་རག་པ་དེ་ནི་དངོས་བདེན་ སེམས་སྐྱོ་བ་ཞིག་རེད། འོན་ཀྱང་དུས་མཚུངས་སུ། ཁྱོད་ཀྱི་སྐྱོ་གདུང་དེ་རང་ཉིད་ལ་བརྩེ་བ་སྤྲད་མཁན་དེའི་ལུས་ཐོག་བརྒྱུད་ སྤྲོད་བྱེད་པ་ཡིན་ན། དེ་ནི་བདག་འཛིན་ཆེ་དྲག་པའམ། གདུག་རྩུབ་ཆེ་དྲག་པ་མིན་ནམ། སློབ་ཆེན་འགྲིམས་སྐབས་གཞན་གྱིས་སློབ་གྲོགས་འགའི་རྐང་འཁོར་བརྐུས་རྗེས་སློབ་ གྲོགས་དེས་ཀྱང་ཕ་རོལ་པོའི་རྐང་འཁོར་རྐུ་མ་བརྐུས་ནས་ཁ་གསབ་རག་ཐབས་བྱས་པ་ དེའི་མཇུག་འབྲས་ནི་རྐུན་པོའི་སྡུག་གྱོང་རག་མཁན་གྱི་གང་ཟག་ཇེ་མང་སོང་བ་ལས་ ཅི་ཞིག་ཡོད། དེ་ནི་དངོས་གནས་སྐྱོ་ངལ་གྱི་ཏོ་མི་ནོའོ་ཟེར་བ་དང་གཅིག་མཚུངས་རེད། དེའང་མི་གཅིག་སར་འགྱེལ་བ་དུས་མཚུངས་སུ་གཞན་ཡོངས་རྫོགས་སར་འགྱེལ་དགོས་བྱུང་ བ་རེད།
བརྩེ་ བར་ནུས་སྟོབས་མེད་པ་ནི་དེང་རབས་སྤྱི་ཚོགས་སུ་དར་སྲོལ་ཆགས་བཞིན་པའི་ན་ཚའི་ རིགས་གཅིག་རེད། གལ་ཏེ་ཁྱོད་རང་གིས་སེམས་བསམ་པའི་གཏིང་ནས་མི་ཞིག་ལ་བརྩེ་བ་སྤྲད་ཐུབ་པ་ཡིན་ན། དོན་དངོས་ཐོག་བརྩེ་བའི་ཆེད་དུ་སྡུག་གྱོང་འཁྱེར་ཐུབ་པ་ཡིན་ན། དེ་ནས་ཁྱོད་ལ་བཀྲ་ཤིས་བདེ་ལེགས་ཞུ། གང་ཡིན་ཟེར་ན། ཁྱོད་ཀྱི་ལུས་སེམས་གཉིས་ནི་བདེ་ཐང་གི་ལུས་སེམས་ཡིན་ལ། ཁྱོད་ཀྱི་སྡུག་བསྔལ་དེའང་འཛམ་གླིང་ཡོངས་སུ་མི་གཅིག་ལའང་དགའ་སྤྲོ་སྤྲད་མི་ ཐུབ་པའི་ཡ་ང་བ་དེ་འདྲ་མ་རེད། སོ་སོར་བརྩེ་བ་རག་མི་རག་དེ་ནི་བཙན་གྱིས་ཡོང་ཐུབ་པ་ཞིག་མིན་ཡང༌། གང་ལྟར་ཡང་། ཐོག་མར་བརྩེ་བའི་ནུས་སྟོབས་ཡོད་པའི་མི་ཞིག་ལ་མཚོན་ན་། ཁྱོད་ནི་དངོས་བདེན་གྱི་སྨོན་ལམ་འདེབས་རིན་ཡོད་པའི་མི་ཞིག་ཡིན་ནོ།
གཤམ་འོག་དྲ་ལམ་ནས་སྒྱུར། http://bbs1.people.com.cn/postDetail.do?boardId=26&treeView=1&view=2&id=90488918
