དགུང་སྐེག་ཞི་ཆེད་སྨན་སྦྱིན་དང་ཟས་སྦྱིན་ཆེན་མོ།

དེ་ཡང་ཟླ་འདིའི་ཚེས་༢༥ ཉིན་གནས་མཆོག་རྡོར་གདན་དུ་ལྕམ་སྲིང་དངོས་གྲུབ་དཔལ་འཛོམས་ལགས་ཀྱིས་གསུང་དོན་དུ། “དཔལ་karma ba sisterརྒྱལ་བ་ཀརྨ་པ་མཆོག་གིས་ཡུལ་འདིར་དབང་པོ་མ་ཚང་བ་དང་དབུལ་པོའི་རིགས་མང་པོ་གཟིགས་ནས། ཡུལ་མི་རྣམས་ལ་རིན་མེད་སྨན་སྦྱིན་གྱི་ལས་འགོ་ཞིག་བཙུགས་ཐུབ་ན་ཡག་པོ་འདུག་ཅེས་བཀའ་ཕེབས་པ་ནས་བཟུང་། ད་ཐེངས་སྨན་སྦྱིན་ཆེན་མོའི་ལས་འགུལ་འདི་ཐེངས་གསུམ་པ་ཆགས་ཀྱི་ཡོད་པ་དང་། དང་ཐོག་ཐེ་ཝན་ནས་ཕེབས་པའི་རོགས་ཚོགས་དང་བཀའ་བརྒྱུད་སྨོན་ལམ་ཚོགས་ཆུང་། ཀརྨ་པ་སྐུ་སྒེར་བཅས་ཀྱིས་གནང་ཡོད་པ་རེད་ལ། འདི་ལོ་མ་ལེ་ཤི་ཡ་ནས་ཕེབས་པའི་རོགས་ཚོགས་དང་བཀའ་བརྒྱུད་སྨོན་ལམ་ཚོགས་ཆུང་གཉིས་ཀྱི་མཐུན་འགྱུར་འོག་སྨན་སྦྱིན་ཆེན་མོ་གནང་གི་ཡོད་རེད་”ཅེས་གསུངས་བྱུང་།

ཡང་ལྕམ་སྲིང་མ་མཆོག་གིས། “ཡུལ་མི་དབུལ་པོ་རྣམས་ལ་ཟས་སྦྱིན་ཆེན་མོ་གནང་དོན་ནི། འདི་ལོ་དཔལ་རྒྱལ་བ་ཀརྨ་པ་མཆོག་དགུང་ལོ་ཉེར་ལྔ་ལ་ཕེབས་པའི་དགུང་སྐེག་ཡིན་པས། སྐུ་ལ་གནོད་འཚེ་བར་ཆད་ཞི་བའི་ཆེད་དུ་ཡིན”ཞེས་བཀའ་གནང་བྱུང་ལ། དེ་བཞིན་སྨན་སྦྱིན་ཆེན་མོའི་ནང་ནད་རིགས་འདྲ་མིན་དང་བསྟུན་ཏེ། བོད་པ་དང་རྒྱ་གར་བའི་སྨན་པ་ཟུང་འབྲེལ་གྱི་བརྟག་དཔྱད་ཁང་ཁག་༤ ཙམ་གོ་སྒྲིག་བྱས་འདུག་ལ། དེ་དག་ལ་བོད་རིགས་དང་མ་ལེ་ཤི་ཡ་ནས་ཕེབས་པའི་སྨན་གཡོག་གོ་སྒྲིག་གནང་འདུག དབུལ་པོར་ཟས་སྦྱིན་ཆེན་མོའི་ནང་ནུབ་ཕྱོགས་ཀྱི་རྒྱལ་ཁབ་འདྲ་མིན་ནས་ཕེབས་པའི་དང་བླངས་ཞབས་ཞུ་བ་ཚོས་འགན་གཙོ་བོར་བཞེས་བཞིན་འདུག།

ས་གནས་ནས་འདི་གའི་གསར་འགོད་པས།