ང་ཕོད་ངག་དབང་འཇིགས་མེད་ལ་མྱ་ངན་ཞུ་འོས་སམ།
ང་ ཕོད་མཆོག་སྐུ་ཚེའི་འཕེན་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ལ་མྱ་ངན་ཞུ་འོས་སམ་ ཅེས་ན་???????དྲ་གྲོགས་རྣམས་ནས་དགོངས་འཆར་འདྲ་མིན་སྣ་ཚོགས་འདུག། དེ་ཡང་སྐུ་འོས་སྤྱི་འཐུས་དགའ་ཤར་ཚུལ་ཁྲིམས་འོད་ཟེར་ལགས་ནས་༼བདུད་ཀྱི་སྤྲུལ་ པར་ལུང་གིས་བསྟན་ཡོད་པ་༽གསུངས་པ་ལྟར་ཡིན་མིན་གང་ལྟར་དེ་སྔོན་བོད་རིགས་མི་ མང་ལ་སྡུག་པོ་བཏང་མཁན་གྱིས་ལྷ་སའི་སྐུ་ངོས་ཞིག་དང་ཕྱིས་སུ་རྒྱ་ནག་གཞུང་གི་ ཁྱི་རྒན་སྙིང་མེད་ཞིག་ཡིན་པ་དེ་ནི་ཁོང་འཇིག་རྟེན་འདིར་ལོ་གྲངས་རྒྱ་བཞུགས་ པའི་རིང་ཁོང་གི་ལོ་རྒྱུས་ངོ་མ་དེ་ཡིན་པས་མྱ་ངན་ཞུ་མི་འོས་ཟེར་མཁན་གཅིག་ དང་། ཡང་དྲ་གྲོགས་འགས་་གནས་ལུགས་གང་ཞིག་ཡོད་རུང་ང་ཚོ་བྱམས་ཆུབ་སེམས་ལ་ཉམས་ལེན་ བྱེད་མཁན་གྱིས་ནང་པ་སངས་རྒྱས་པའི་སློབ་མ་བོད་གངས་ཅན་པ་རྣམས་ཀྱིས་དོན་འདི་ འདྲ་ཞིག་ལ་གོ་སྐབས་དམ་འཛིན་བྱེད་ཏེ་ཁོང་ཤི་དུས་དགའ་བའི་རྣམས་འགྱུར་ལྟོན་ན་ ནང་པའི་ཆོས་ཕྱོགས་དང་མི་མཐུན་པ་མ་ཟད་འཇིག་རྟེན་འགྲོ་ལུགས་ནང་ཐབས་སྡུག་རེད། ལྷག་དོན་བོད་བཙལ་བྱོར་བའི་སྐུ་ངོས་ཞིག་གིས་གཞིས་བཞུགས་བོད་རིགས་ཞིག་དགོངས་ རྫོགས་ཉིན་མོ་ལ་༼ཁོང་བདུད་རེད༽ཅེས་སྐྱོན་བརྗོད་གནང་ན་ད་ལྟའི་བོད་གཞུང་གིས་ ཆབ་སྲིད་དང་མི་མཐུན་པ་ཁ་གསལ་རེད། མ་ཟད་ཞིབ་ཏུ་དཔྱད་ན་༡༩༥༩ སྐབས་དེ་དང་དེའི་སྔོས་སུ་བོད་གཞུང་དམངས་གཉིས་ཀས་ཆབ་སྲིད་འཛིན་སྐྱོང་འཐད་ ནོར་འཁྲུལ་རིམ་པས་བྱུང་ཡོད་པ་དེ་དག་ཁོང་མི་གཅིག་ལ་གཡོག་ན་ལོ་རྒྱུས་རྫུན་ བཟོ་བྱེད་རྒྱུ་ལས་མེད། དེ་ཡང་ཕྱི་ལོ་ ༡༩༥༡ ཟླ་ ༥ ཚེས་ ༢༣ ཉིན་ང་ཕོད་ངག་དབང་འཇིགས་མེད་ཀྱིས་སྣེ་འཁྲིད་པའི་འཐུས་མི་ཚོས་པེ་ཅིན་ནས་༼ བོད་ཞི་བའི་བཅིངས་འགྲོལ་འབྱུང་ཐབས་སྐོར་གྱི་གྲོས་མཐན་དོན་ཚན་བཅུ་བདུན༽ ཟེར་བར་མིང་རྟགས་བཀོད་ཡོད་པ་དེའི་ནང་བོད་ཅེས་པ་ད་ལྟའི་བོད་རང་སྐྱོང་ལྗོངས་ ཟེར་བ་དེ་ཙམ་ལས་ཨ་མདོ་ཡོངས་དང་ཁམས་མི་ཉུང་བ་ཞིག་ཚུད་མེད། དུས་དེར་ཁམས་ཁུལ་བོད་རིགས་དཔའ་རྟུལ་རྣམས་ནས་རྒྱ་ནག་གི་བཙན་འཛུལ་ལ་གྱེན་ལངས་ རིམ་པ་མང་པོ་བྱས་ཟིན་པ་རེད། ལོ་རྒྱུས་འདི་དག་དངོས་ལ་གཟིགས་ནས་གསལ་པོ་ཞུས་ན། དེ་རིང་ཕྱི་ཚེས་ ༢༤ ཉིན་བཙན་བྱོལ་བོད་གཞུང་བཀའ་ཤག་གི་ངོས་ནས་ང་ཕོད་ངག་དབང་འཇིགས་མེད་མཆོག་སྐུ་ གཤེགས་པར་རྗེས་དྲན་གྱི་གུས་ཚིག་ཕུལ་ཡོད་པ་དེའི་ནང་བོད་གཞུང་བཀའ་ཟུར་ང་ཕོད་ ངག་དབང་འཇིགས་མེད་མཆོག་སྐུ་ཚེའི་འཕེན་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ལ་ བཙན་བྱོལ་བོད་གཞུང་བཀའ་ཤག་གིས་དམ་པ་དེ་ཉིད་ཀྱི་སྐུ་ཚེའི་མཛད་སྤྱོད་ལ་རྗེས་ དྲན་དང་འབྲེལ་མྱ་ངན་གུས་འདུད་ཞུ་རྒྱུ་ཡིན། གསུངས་པ་བཞིན་སྐུ་ངོས་ང་ཕོད་མཆོག་སྐུ་ཚེའི་འཕེན་པ་རྫོགས་པའི་ཡིད་སྐྱོའི་ གནས་ཚུལ་ལ་མྱ་ངན་ཞུ་རྒྱུ་ནི་ལུགས་དང་མཐུན་པ་རེད་ཟེར་མཁན་མང་། དེས་ན་དྲ་གྲོགས་རྣམས་ནས་གཤམ་ཏུ་ཁོང་གིས་ལོ་རྒྱུས་མདོ་བསྡུས་དེར་གཟིགས་རོགས་ ཞུ།
ང་
ཕོད་ངག་དབང་འཇིགས་མེད་ནི་ཕྱི་ལོ་ ༡༩༡༠ ་ལོའི་ཟླ་ ༢ པའི་ནང་སྐྱེས་ཤིང༌། དེ་སྔོན་བོད་ཀྱིས་ལས་དོན་འཐད་དམའ་རིམ་གཞུང་ཞབས་ནས་བཀའ་བློན་གྱི་གོ་གནས་སུ་ ཐེམ་པ་རིམ་འཛེགས་བྱས། ཕྱི་ལོ་ ༡༩༥༠ ཟླ་ ༡༠ ཚེས་ ༦ ནས་ ༢༠ རྒྱ་གཞུང་ལ་མགོ་འདོགས་ཞུས། ཕྱི་ལོ་ ༡༩༥༡ ཟླ་ ༥ ཚེས་ ༢༣ ཉིན་ང་ཕོད་ངག་དབང་འཇིགས་མེད་ཀྱིས་སྣེ་འཁྲིད་པའི་འཐུས་མི་ཚོས་པེ་ཅིན་ནས་༼ བོད་ཞི་བའི་བཅིངས་འགྲོལ་འབྱུང་ཐབས་སྐོར་གྱི་གྲོས་མཐན་དོན་ཚན་བཅུ་བདུན༽ཟེར་ བར་མིང་རྟགས་བཀོད། ང་ཕོད་ངག་དབང་འཇིགས་མེད་ལ་མཚོན་ན། ངོ་ལོག་ཟིང་འཁྲུག མང་གཙོའི་བཅོས་བསྒྱུར། རིག་གནས་གསར་བརྗེ་སོགས་ཀྱི་ལས་འགུལ་གང་གི་སྐབས་སུའང་རྡུང་རྡེག་དང་འཐབ་རྩོད་ ཅི་ཡང་ཕོག་མེད་ལ་ཁོང་གིས་རྒྱ་ནག་གཞུང་ལ་མགོ་འདོགས་ཞུས་པ་ནས་དེ་རིང་བར་གྱི་ གོ་གནས་དང་ལས་འགན་ནི། རྒྱ་ནག་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་གསུམ་པ། བཞི་པ། ལྔ་པ། དྲུག་པ། བདུན་པ་བཅས་ཀྱི་རྒྱུན་ལས་ཨུ་ཡོན་ཀྲང་གཞོན་པ། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་གསུམ་པ། བརྒྱད་པ། དགུ་པ། བཅུ་པ། བཅུ་གཅིག་པ་བཅས་ཀྱི་རྒྱལ་ཡོངས་ཨུ་ཡོན་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་བཅས་ ཀྱི་གོ་གནས་དེ་ཚོ་ཡིན། ཁོའི་གཏམ་བཤད་དང་རྩོམ་བྲིས་འདྲ་མིན་སྣ་ཚོགས་ཞིག་སྤེལ་ཡོད་ཀྱང་དོན་སྙིང་ནི་ མཐའ་ཕྱི་ལོ་༢༠༠༨ ཟླ་ ༣ ཚེས་ ༢༨ ཉིན་བོད་རིགས་མི་མང་ནས་རྒྱ་ནག་གཞུང་ལ་ཞི་རྒོལ་ལས་འགུལ་སྤེལ་མུས་ཀྱི་སྐབས་ དེར་སྤེལ་བའི་གཏམ་བཤད་ནང༌། རང་ཉིད་ནི་བོད་ཀྱི་ལོ་རྒྱུས་སྟེང་གི་མི་ལོ་བརྒྱ་ཐམ་པའི་སྔ་ཕྱིའི་གནས་སྟངས་ དང༌། རྣམ་པ་མི་འདྲ་བའི་བོད་ཀྱི་སྤྱི་ཚོགས་གསར་རྙིང་གཉིས་ཀྱི་གནས་སྟངས་ལ་རྒྱུས་ མངའ་ཡོད་པའི་དཔང་མི་ཞིག་ཡིན་པ་གླེང་གཞི་བྱས་ཏེ། ཏཱ་ལའི་རུ་ཚོགས་ཀྱིས་དུས་ནམ་ཡང་བོད་འདི་མེས་རྒྱལ་དང་ཁ་བྲལ་གྱི་བྱ་སྤྱོད་ སྤེལ་གྱི་ཡོད་པ་དང༌། བོད་རང་བཙན་ནི་བོད་ཀྱི་ལོག་སྤྱོད་རུ་ཁག་གིས་བོད་འདིར་ཞིང་བྲན་ལམ་ལུགས་ བསྐྱར་གསོ་བྱེད་པའི་དམིགས་ཡུལ་ཞིག་ཡིན་པ་བཅས་གླེང་ཡོད། འདི་ནི་ཁོ་རང་མི་ལོ་བརྒྱ་ཐམ་པར་འཚོ་གཞེས་རིང་གི་གླེང་གཏམ་མཐའ་མ་དེ་རེད། ཕྱི་ལོ་ ༢༠༠༩ ཟླ་ ༡༢ ཚེས་ ༢༣ ཉིན་པེ་ཅིན་ནས་འདས་གྲོངས་སུ་གྱུར།
