ང་ཕོད་ངག་དབང་འཇིགས་མེད་ཀྱི་སྐུ་ཕུང་ཞུགས་འབུལ།

ཀྲུའུ་ཡུང་ཁང་སོགས་རྒྱ་ནག་གི་མཐོ་རིམ་འགོ་ཁྲིད་རྣམས་ཀྱིས་ང་ཕོད་ངག་དབང་འཇིགས་མེད་མཆོག་གི་སྐུ་ཕུང་མྱ་ངན་གུས་འདུད་བྱས་ཡོད་པ་རེད། དེ་བཞིན་པེ་ཅིང་དུ་ཡོད་པའི་ལས་རིགས་སོ་སོའི་མི་མང་གིས་སྐུ་ཕུང་དང་ཞལ་གྱེས་དང། ཁོང་ལ་རྗེས་དྲན་གྱི་ཡིག་རིགས་སྣ་ཚོགས་བྲིས་ཏེ་མྱ་ངན་དང་གུས་འདུད་མཚོན་པ་བྱས་ཡོད་པ་རེད། jiang ci men_ngaphud
ང་ཕུད་ངག་དབང་འཇིགས་མེད་ཀྱིས་བོད་རང་བཙན་མ་ཤོར་གོང་དུ་བོད་གཞུང་གི་བཀའ་བློན་སོགས་གོ་ས་རིམ་པར་བཞེས་མྱོང་ཡོད་པ་མ་ཟད། བོད་ས་རྒྱ་ལག་ཏུ་ཤོར་རྗེས། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་གསུམ་པ་དང་། བཞི་པ། ལྔ་པ། དྲུག་པ། བདུན་པ་བཅས་ཀྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་གཙོ་གཞོན་པ། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་སྐབས་གསུམ་པ་དང་། བརྒྱད་པ། དགུ་པ། བཅུ་པ། བཅུ་གཅིག་པ་བཅས་ཀྱི་འགན་འཛིན་གཞོན་པ། ཀྲུང་གོའི་བོད་ལྗོངས་ཀྱི་རིག་གནས་སྲུང་སྤེལ་མཐུན་ཚོགས་ཀྱི་ཚོགས་གཙོ་བཅས་གནང་མྱོང་ཡོད་པ་རེད།
ཕྱི་ལོ༢༠༠༩ ལོའི་སྤྱི་ཟླ༡༢ ཚེས༢༣ ཉིན་གྱི་ཆུ་ཚོད་༡༦ དང་སྐར་མ་༥༠ ལ་པེ་ཅིན་དུ་སྐུ་གཤེགས་པ་དང་།   སྐུ་གཤེགས་སྐབས་དགུང་ལོ༡༠༠ ལ་ཕེབས་ཡོད་པ་རེད་ཅེས་གསར་ལམ་ཁག་ནས་གནས་ཚུལ་སྤེལ་འདུག །