ས་དགེ་པཎ་ཆེན་གཉིས་ཀྱི་འདས་མཆོད།

དེ་ཡང་དགའ་ལྡན་ཁྲི་རིན་པོ་ཆེ་རི་རྫོང་སྲས་ཐུབ་བསྟན་ཆོས་ཀྱི་ཉི་མ་མཆོག་དང་ཤར་པ་ཆོས་རྗེ་རིན་པོ་ཆེ་རྣམ་གཉིས་དབུས་བཞུགས་ཐོག མཁན་སྤྲུལ་ལས་ཟུར་དང་གྲྭ་མང་སྟོང་ཕྲག་བརྒལ་བས་བླ་མ་མཆོད་པའི་ཚོགས་མཆོད་ཕུལ་ནས་དགོངས་རྫོགས་སྲུང་བརྩི་ཞུས་ཡོད་པ་རེད།sharba2 chieje at dorden པཎ་ཆེན་བསོད་ནམས་གྲགས་པ་ཁོང་དུས་རབས་༡༥ པའི་ནང་བོད་དབུས་ཀྱི་ས་ཁུལ་རྩེད་ཐང་དུ་སྐུ་འཁྲུངས་པ་དང༌། ཆུང་དུས་ནས་རབ་ཏུ་བྱུང་སྟེ་བློ་གླིང་རྩེད་ཐང་ཁམས་ཚན་དུ་འཛུལ་ཞུགས་གནང་རྗེས། མཁས་པའི་སྙན་གྲགས་ཕྱོགས་ཀུན་ལ་རྒྱས་པ་དང་མདོ་སྔགས་གཉིས་ཀྱི་གནད་ལས་བརྩམས་པའི་གསུང་རྩོམ་དུ་མ་མཛད་པས། འབྲས་བློ་གླིང་གྲྭ་ཚང་དང་དགའ་ལྡན་ཤར་རྩེ་གྲྭ་ཚང༌། དྷ་ས་རིགས་ལམ་སློབ་གཉེར་ཁང༌། བཙུན་དགོན་སྒྲོལ་མ་གླིང་སོགས་དགོན་སྡེ་མང་པོས་ཁོང་གི་གསུང་རྩོམ་ཁག་སློབ་གཉེར་གྱི་ཡིག་ཆ་གཙོ་བོར་བྱེད་བཞིན་ཡོད་པ་རེད། རྗེས་སུ་འབྲས་བློ་གླིང་གི་མཁན་པོའང་མཛད་མྱོང་ཡོད་པའི་གནས་ཚུལ་འབྲེལ་ཡོད་ཀྱིས་འགྲེལ་བརྗོད་གནང་བྱུང༌།
དེ་བཞིན་རྡོ་གདན་དུ་དཔལ་ས་སྐྱའི་དགོན་སྡེ་ཁག་གི་གྲྭ་བཙུན་དང་དད་ལྡན་མི་མང་གནས་སྐོར་ལ་ཕེབས་པ་དང་བསྟུན་ནས། གྲྭ་བཙུན་ཁག་གཅིག་གིས་འགན་བཞེས་ནས་དགོངས་རྫོགས་འདས་མཆོད་གོ་སྒྲིག་ཞུས་སོང་བ་དང༌། འཕགས་བོད་གཉིས་ལ་སྙན་གྲགས་ཆེ་བའི་ས་པཎ་མཆོག་མྱ་ངན་ལ་འདས་ནས་མི་ལོ་༧༥༨ འཁོར་བའི་འདས་མཆོད་སྐབས། གྲྭ་མང་བརྒྱ་ཕྲག་མང་པོས་ས་པཎ་བླ་མཆོད་སོགས་ཀྱིས་ལམ་ནས་ཚོགས་མཆོད་ཕུལ་སོང༌།།
ས་གནས་ནས་འདི་གའི་གསར་འགོད་པས།