རྡུང་ལེན་པ་རྡོ་རེད་ཀྱི་འོད་སྡེར་གསར་པ།
ཡུལ་མིའི་འཚོ་བ། ཆོས་ལུགས་དང་སློབ་གསོ་སོགས་རྒྱབ་ལྗོངས་སུ་བཟུང་སྟེ་བཟོས་པ་ཞིག་ཡིན་ལ་པེ་ཅིང་གློག་བརྙན་སློབ་གླིང་ནས་སློབ་མཐར་ཕྱིན་པའི་བོད་ཀྱི་ན་གཞོན་པར་བ་འཇམ་ དབྱངས་དབང་ཕྱུག་ལགས་ཀྱིས་གཟུགས་ཕབ་པ་ཡིན་པས་དེང་གི་ཁྲོམ་རར་ས་ཁྱབ་རྡོ་ཁྱབ་ཏུ་འགྲོ་བཞིན་པའི་སྤུས་ཀ་ཞན་པའི་འོད་སྡེར་སོགས་དང་བསྡུར་ན་སྒྱུ་རྩལ་དང་ཆེད་ལས་ཀྱི་ཉམས་ཀྱིས་ཕྱུག་པ་ཞིག་ཏུ་གྲུབ་ཡོད།
རྡུང་ལེན་པ་རྡོ་རེད་ལགས་ནི།
ད་སྐབས་རྨ་ཆུ་རྫོང་བོད་རིགས་སློབ་འབྲིང་གི་འགན་འཛིན་གཞོན་པ་དང་གྲངས་རིག་པའི་དགེ་རྒན་གནང་བཞིན་ཡོད་པ་རེད་འདུག་ཅེས་མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ་ནས་གནས་ཚུལ་སྤེལ་འདུག །
