༢༠༠༩ ལོའི་གནས་ཚུལ་རགས་ཟིན།

ཚེས་༢༩ ཉིན་བོད་ཀྱི་དབུས་གཞོན་ནུ་ལྷན་ཚོགས་ཀྱིས་ས་གླང་ལོའི་བོད་ཀྱི་ལོ་གསར་སྤྲོ་སྐྱིད་མི་གཏོང་བར་བོད་མི་རྒྱ་ནག་གི་དྲག་གནོན་འོག་ནས་འདས་གྲོངས་སུ་སོང་བ་རྣམས་ལ་གདུང་སེམས་མཉམ་བསྐྱེད་ཀྱི་ལས་འགུལ་སྤེལ་རྒྱུའི་གསལ་བསྒྲགས་བྱས། ཉིན་དེར་བོད་གཞུང་བཀའ་ཤག་གིས་བོད་ནང་རྡུང་རྡེག་ཚ་ནན་ཟེར་བའི་ལས་འགུལ་བསྐྱར་དུ་སྤེལ་བ་འཕྲལ་དུ་འཚམས་འཇོག་ཡོང་བར་འབོད་སྐུལ་གནང།
ཕྱི་ཟླ་གཉིས་པ། ཚེས་༧ ནས་༡༡ བར་ཉིན་གྲངས་༤ རིང་ལ་ྋགོང་ས་མཆོག་ཡུ་རོབ་རྒྱལ་ཁབ་ཨི་ཊ་ལི་དང༌། འཇར་མན་གཉིས་སུ་ཆིབས་བསྒྱུར་གནང་བ་དང༌། ྋགོང་ས་མཆོག་ལ་ཨི་ཊ་ལིའི་རོམ་གྲོང་ཁྱེར་གྱི་ཆེས་མཐོའི་ཡུལ་མིའི་གཟེངས་རྟགས་ཕུལ་བ་དང༌། ཕྱི་ཚེས་༡༠ ཉིན་འཇར་མན་དུ་གསར་འགོད་གཟེངས་རྟགས་ཞེས་པ་ཕུལ་ཡོད་པ་རེད།  
ཚེས་༡༦ ཉིན་ྋགོང་ས་མཆོག་རྒྱ་གར་ལྷོ་ཕྱོགས་བྷེང་ལོར་གྲོང་ཁྱེར་དུ་ཆིབས་བསྒྱུར་གྱིས་༼ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་༽གསར་པ་དབུ་འབྱེད་གནང། ཚེས་༢༥ བོད་ཀྱི་ལོ་གསར་ཚེས་༡ ཉིན་ྋགོང་ས་མཆོག་ལ་རྒྱ་གར་ལྷོ་ཕྱོགས་སུ་བཙན་བྱོལ་བོད་མིའི་མཉམ་འབྲེལ་ཁག་གིས་བརྟན་བཞུགས་ཕུལ། བོད་མི་གནས་སྡོད་བྱེད་ས་ཡོངས་ནས་ལོ་གསར་སྤྲོ་སྐྱིད་མ་བཏང་བར་བོད་དོན་ལས་འགུལ་དང་བསྔོ་སྨོན་མཆོད་འབུལ་སོགས་ཀྱི་ལས་འགུལ་སྤེལ།
ཕྱི་ཟླ་གསུམ་པ། ཚེས་༩ ཉིན་ྋགོང་ས་མཆོག་ལ་བོད་ལྗོངས་ལྷ་མི་ཡོངས་ཀྱིས་བརྟན་བཞུགས་ཕུལ། ྋགོང་ས་མཆོག་གིས་ལྷག་བསམ་བསྐྱེད་ནས་འདུན་པ་རིང་པོར་ད་དུང་ཡིན་ནའང་སྨོན་ལམ་རྒྱག་གི་ཡིན་ཞེས་བཀའ་གནང་ཡོད་པ་རེད།
ཚེས་༡༠ ཉིན་བོད་གཞུང་མང་གཉིས་ནས་གསུམ་བཅུའི་དུས་དྲན་སྲུང་བརྩི་བྱས། ཚེས་༡༨ ཉིན་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་བདུན་པའི་ཐོག་ྋགོང་ས་མཆོག་གིས་ཁྲིམས་ཀྱི་དབང་བསྒྱུར་ལ་སྙིང་ནས་བརྩི་བཀུར་ཐོག གུ་ཡངས་དཀྱེལ་ཆེའི་བློ་གྲོས་ཀྱིས་རྟོན་བཞིའི་འཇུག་ལྡོག་མ་འཆོལ་བའི་སྒོ་ནས་སྤྱི་སྨན་འདུན་གྲོས་ལྷུག་པོར་གནང་དགོས་ཞེས་གསུང་འཕྲིན་གནང།
ཚེས་༡༢ ཉིན་རྒྱ་ནག་གིས་བོད་དབང་བསྒྱུར་བྱས་ནས་མི་ལོ་༥༠ འཁོར་བའི་དུས་དྲན་དང་བསྟུན་ནས། ཡོ་རོབ་མཉམ་འབྲེལ་གྱིས་རྒྱ་བོད་གཉིས་དབར་དོན་ཕན་ལྡན་པའི་ཞི་མོལ་འགོ་འཛུགས་དགོས་སྐོར་ལ་གྲོས་ཆོད་བཞག
ཕྱི་ཟླ་༣ ནང་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་ཌི་སི་མོང་ཌེ་ཊུ་ཊུ་མཆོག་གིས་དབུས། མི་གྲངས་༡༠༠༠༠༠ ཙམ་གྱིས་བོད་དོན་རྒྱབ་སྐྱོར་གྱི་མཚན་རྟགས་བསྡུ་རུབ་གནང།
ཚེས་༡༦ ཉིན་གསར་ལམ་ཁག་ནས་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཡང་ཇཱི་ཁྲི་ཨ་རིར་སླེབས་པ་དང་བསྟུན་ནས་ཨ་རིའི་སྲིད་འཛིན་ཨོ་བྷ་མ་དང༌། གྲོས་ཚོགས་གཉིས་ནས་ྋགོང་ས་མཆོག་གི་སྐུ་ཚབ་དང་རྒྱ་ནག་གཞུང་གི་དབར་ཞི་མོལ་བྱེད་རྒྱུར་རེ་བ་རྒྱག་བཞིན་ཡོད་སྐོར་གསུངས། བཙན་བྱོལ་བོད་གཞུང་རྒྱ་གར་དུ་བསྡད་ནས་ལོ་ངོ་ལྔ་བཅུ་ཧྲིལ་པོ་འཁོར་ཏེ། བོད་གཞུང་གི་ངོས་ནས་ས་གནས་གང་སར་རྒྱ་གར་གཞུང་ལ་ཐུགས་རྗེ་ཆེ་ཞུའི་དུས་དྲན་སྲུང་བརྩི་བྱས་པ་དང། འདས་ལོ་ལྔ་བཅུའི་ཉམས་མྱོང་ལས་ད་ཆ་བཙན་བྱོལ་བོད་མི་ཡོངས་ལ་ང་ཚོས་སྐྱབས་བཅོལ་ཞུ་ཡུལ་ནོར་མི་འདུག་སྙམ་པའི་ཡིད་ཆེས་བརྟན་པོ་རྙེད་ཡོད་ཅེས་ྋགོང་ས་མཆོག་གིས་ཕྱི་ཟླ་༣ ཚེས་༣༡ ཉིན་གསུངས།
ཚེས་༢༨ ཉིན་བོད་ཀྱི་རྒྱལ་ས་ལྷ་སར་བོད་རང་སྐྱོང་ལྗོངས་ཟེར་བའི་ཁོངས་གཏོགས་གཅིག་པུར་ཞིང་བྲན་ཁྲི་ཚོ་བརྒྱ་ལ་བཅིངས་འགྲོལ་བཏང་ནས་མི་ལོ་༥༠ འཁོར་བ་དང༌། བོད་ལ་དམངས་གཙོའི་བཅོས་བསྒྱུར་བྱས་ནས་མི་ལོ་༥༠ འཁོར་བ་ཞེས་པའི་དུས་དྲན་སྲུང་བརྩི་བྱས་ཡོད་པ་དང༌། ཉིན་མོ་དེ་དང་བསྟུན་ནས་དྷ་རམ་ས་ལར་ཡོད་པའི་བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་གོ་སྒྲིག་འོག་ངོ་རྒོལ་གྱི་ཁྲོམ་སྐོར་ཞིག་བྱས། ཚེས་༢༧ ཉིན་བཙན་བྱོལ་བོད་གཞུང་གིས་བོད་མི་ཚང་མས་བོད་བཅིངས་གྲོལ་བཏང་ནས་ལོ་ལྔ་བཅུ་འཁོར་བའི་དུས་དྲན་དེར་ངོས་ལེན་བྱེད་ཐབས་མེད་པའི་གསལ་བསྒྲགས་སྤེལ།
ཚེས་༣༠ ཉིན་ཡུ་རོབ་མཐུན་ཚོགས་ཀྱི་ཕྱི་འབྲེལ་གཙོ་འཛིན་ལྕམ་ཧྥེ་རེ་རོ་ཝོལ་ནཱར་མཆོག་རྒྱ་ནག་གི་སྲིད་འཛིན་གཞོན་པ་ལིའི་ཁེ་ཆང་དང༌། རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཡཱང་ཅེ་ཁྲི་བཅས་པེ་ཅིང་དུ་མཇལ་འཕྲད་སྐབས་རྒྱ་ནག་གིས་༧གོང་ས་མཆོག་དང་མཉམ་དུ་ཞི་མོལ་གྱི་གོ་སྐབས་མ་ཤོར་བ་བྱེད་དགོས་སྐོར་གསུངས།
སྔ་འགྱུར་རྙིང་མ་པའི་དབུ་ཁྲིད་ཟུར་པ་ྋསྐྱབས་རྗེ་གྲུབ་དབང་པདྨ་ནོར་བུ་རིན་པོ་ཆེ་སྐུ་ཕྲེང་གསུམ་པ་མཆོག་ཚེས་༢༧ དགོང་མོ་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་ཐིམ་པའི་ཚུལ་བསྟན་ཡོད་པ་རེད།
ཕྱི་ཟླ་ལྔ་པ། ཚེས་༣༠ ཉིན་གསར་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། ཡུ་རོབ་རྒྱལ་ཁབ་ཌན་མག་གི་སྲིད་བློན་ལཱར་སི་དང༌། ཕྱི་སྲིད་བློན་ཆེན་པཱར་སི་ཊིག་རྣམ་གཉིས་གཙོས་ཡུལ་དེའི་དཔོན་རིགས་ཚོས་ྋགོང་ས་མཆོག་དང་མཇལ་འཕྲད་ཞུས་ནས་ལོགས་སུ་ཚོགས་འདུ་བསྐོངས་གནང་ཡོད་པ་རེད།
ཕྱི་ཟླ་དྲུག་པ། ཚེས་༨ ཉིན་ཧྥ་རན་སིའི་རྒྱལ་ས་པཱེ་རི་སིའི་གྲོང་ཁྱེར་སྲིད་གཞུང་གིས་ྋགོང་ས་མཆོག་ལ་ཧྥ་རན་སིའི་རྒྱལ་སའི་མཚན་མཐོང་ཡུལ་མིའི་ཕྱག་ཁྱེར་ཕུལ། ཚེས་༨ ཉིན་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐོག བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གཉིས་ཀྱི་སྐུ་ཚབ་ཀྱིས། བོད་དོན་དང་འབྲེལ་བའི་གཏམ་བཤད་བྱས།
བལ་ཡུལ་གྱི་གྲོས་ཚོགས་འཐུས་མི་ཁག་ཅིག་དྷ་སར་ྋགོང་ས་མཆོག་དང་བོད་གཞུང་གི་མཛད་གཙོ་རྣམ་པར་མཇལ་འཕྲད་གནང་རྗེས། ཚེས་༢༤ ཉིན་བོད་དོན་ལ་རྒྱབ་སྐྱོར་ཡོད་པའི་གསར་འགོད་གསལ་བསྒྲགས་སྤེལ།
ཕྱི་ཟླ་བདུན་པ། ཚེས་༦ ཉིན་ྋགོང་ས་མཆོག་སྐུ་འཁྲུངས་ནས་དགུང་གྲངས་༧༤ ལ་ཕེབས་པའི་འཁྲུངས་སྐར་བོད་གཞུང་མང་གཉིས་ན་སྲུང་བརྩི་ཟབ་རྒྱས་ཞུས། ཨོ་སི་ཊི་ལི་ཡའི་གྲོས་ཚོགས་འཐུས་མི་ཁག་ཅིག་གིས་བཙན་བྱོལ་བོད་གཞུང་གི་བསྟི་གནས་དྷ་རམ་ས་ལར་གཟིགས་སྐོར་གནང་བ་དང། ཚེས་༣ ཉིན་བོད་དོན་དང་འབྲེལ་བའི་གསར་འགོད་གསལ་བསྒྲགས་སྤེལ།
ཚེས་༦ ཉིན་ཧི་མ་ལ་ཡ་ནང་པའི་རིག་གཞུང་ཚོགས་པས་གཙོ་འགན་བཞེས་ཏེ། རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ྋགོང་ས་མཆོག་གདན་ཞུས་ཀྱིས་སྐུའི་འཁྲུངས་སྐར་སྲུང་བརྩི་ཞུས་པ་དང་སྟབས་བསྟུན་ནས་ྋགོང་ས་མཆོག་ལ་བརྟན་བཞུགས་ཕུལ། ཚེས་༩ ཉིན་ྋགོང་ས་མཆོག་རྒྱ་གར་ཧི་མ་ཅལ་མངའ་སྡེའི་ས་ཁུལ་ཁག་ཅིག་གི་ནང་དུ་ཆིབས་བསྒྱུར་གནང།
ཚེས་༢༧ ཉིན་ྋགོང་ས་མཆོག་པཱོ་ལན་ཌི་རྒྱལ་ཁབ་ཏུ་ཆིབས་བསྒྱུར་གནང་བ་དང། ཡུལ་དེའི་ཆེས་མཐོའི་ཡུལ་མིའི་མཚན་བསྟོད་གཟེངས་རྟགས་ཚེས་༢༩ ཉིན་ྋགོང་ས་མཆོག་ལ་ཕུལ།
རྒྱ་བོད་ལྷན་ཚོགས་‘ཐུན་མོང་གི་གཞི་རྟེན་འཚོལ་བ་’ཞེས་པའི་ཚོགས་ཆེན་དེ་ཟླ་༧ ཚེས་༦ ཉིན་ནས་ཉིན་གསུམ་རིང་སུད་སིའི་རྒྱལ་སར་འཚོགས་ཡོད་པ་དང། དེར་རྒྱལ་ཁབ་བཅུ་གཉིས་ལྷག་ཙམ་ནས་རྒྱ་བོད་མཁས་དབང་བརྒྱ་ལྷག་མཉམ་ཞུགས་གནང།
ཕྱི་ཟླ་བརྒྱད་པ། ཚེས་༢༤ ཉིན་ལ་དྭགས་ཀྱི་རྒྱལ་ས་གླེ་རུ་ྋགོང་ས་མཆོག་གིས་གསུང་ཆོས་དང་བཀའ་སློབ་གནང། ཚེས་༣༠  ཉིན་ནས་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་ཐེ་ཝན་དུ་ཆིབས་བསྒྱུར་གནང།
ཕྱི་ཟླ་དགུ་པ། ཚེས་༢ ཉིན་བོད་ཀྱི་མང་གཙོའི་དུས་དྲན་ཐེངས་༤༩ པ་སྲུང་བརྩི་ཞུས།
ཚེས་༢ ཉིན་བོད་གཞུང་དྲིལ་བསྒྲགས་ཚོགས་ཁང་དུ། ཧྤ་རན་སིའི་གྲོས་ཚོགས་གོང་མའི་འཐུས་མི་ཁག་གཅིག་དང༌། ཡུལ་དེའི་ཕྱོགས་འགལ་ཚོགས་པའི་འཐུས་མི་བཅས་ཀྱིས་བོད་དོན་དང་འབྲེལ་བའི་གསར་འགོད་གསལ་བསྒྲགས་གནང།
ཚེས་༡༣ ཉིན་ཨ་རིའི་སྲིད་གཞུང་གི་སྐུ་ཚབ་ཀྱིས་དྷ་སར་ྋགོང་ས་མཆོག་དང། བོད་གཞུང་གི་མཛད་གཙོ་རྣམ་པར་མཇལ་འཕྲད་གནང། ཚེས་༢༡    ཉིན་ྋགོང་ས་མཆོག་ཨ་རི་དང། ཁེ་ན་ཌ་གཉིས་སུ་ཆིབས་བསྒྱུར་གནང། ཚེས་༢༣ ཉིན་ྋགོང་ས་མཆོག་ལ་རྒྱལ་སྤྱིའི་རང་དབང་གི་གཟེངས་རྟགས་ཕུལ་ཡོད་པ་རེད།
ཕྱི་ཟླ་བཅུ་པ། ཚེས་༡ ཉིན་རྒྱ་ནག་གཞུང་ངོས་ནས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་འགོ་བཙུགས་ནས་ལོ་༦༠ འཁོར་བའི་དགའ་སྟོན་རྟེན་འབྲེལ་གྱི་དུས་དྲན་དང་བསྟུན་ནས་བོད་མི་རིགས་ཀྱི་གནས་བབས་ཡར་རྒྱས་བཏང་ཡོད་པའི་ཁྱབ་བསྒྲགས་ཀྱང་ཤུགས་ཆེན་བྱས་པ་དེར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ངོས་ལེན་མེད་པའི་ངོ་རྒོལ་གྱི་གསལ་བསྒྲགས་སྤེལ།
ཚེས་༢༧ ཉིན་དྷ་སྟེང་བོད་ཁྱིམ་གྱི་ཚོགས་ཁང་དུ་འཛམ་གླིང་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་གསུམ་གྱིས་ྋགོང་ས་མཆོག་ལ་མཇལ་འཕྲད་ཞུས་ཡོད་པ་རེད།
ཕྱི་ཟླ་བཅུ་གཅིག། ཚེས་༨ ཉིན་༧གོང་ས་མཆོག་རྒྱ་གར་ཨ་རུ་ན་ཅལ་མངའ་སྡེའི་ནང་ཆིབས་བསྒྱུར་ཐེངས་ལྔ་པ་དེ་གནང།
ཚེས་༡༨ ཉིན་ནས་ཉིན་གཉིས་རིང་ཨི་ཊ་ལི་རྒྱལ་ས་རོམ་དུ་རྒྱལ་སྤྱིའི་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་ལྔ་པ་འཚོགས། ཚེས་༢༨ ཉིན་༧གོང་ས་མཆོག་དྷ་ས་བཞུགས་སྒར་ནས་ཨོ་སི་ཁྲུ་ལི་ཡར་ཆིབས་བསྒྱུར་གནང་ཡོད་པ་དང།
ཕྱི་ཟླ་བཅུ་གཉིས། ཚེས་༢ ཉིན་༧གོང་ས་མཆོག་གིས་ཨོ་སི་ཁྲུ་ལི་ཡའི་ནང་གི་རྒྱ་རིགས་སུམ་བརྒྱ་ཙམ་ལ་མཇལ་ཁ་གནང། ཚེས་༡༠ ཉིན་དམིགས་བསལ་སྐུ་ཚབ་རྒྱ་རི་བློ་གྲོས་རྒྱལ་མཚན་མཆོག་གིས་བོད་རྒྱ་ཞི་མོལ་དང་འབྲེལ་བའི་བསྒྲགས་གཏམ་ཞིག་སྤེལ་ཡོད་པ་རེད།