《སྐར་འོད་ལམ་ཆེན》ཞེས་པའི་བྱ་དགའ་ཨང་དང་པོ།

མིང་དུ་གྲགས་པའི་རོལ་མོ་བ་དང་འགྲན་སྡུར་དེའི་སྐབས་ཀྱི་དཔྱད་འདེམས་པ་ཞོ་ཁྲུང་ཞེས་པས། དབང་མོ་ལ“གླུ་མ་དབང་མོ་ལ་དངོས་གནས་རྒྱལ་སྤྱིའི་གར་སྟེགས་སྟེང་འཁྲབ་སྟོན་གྱི་ནུས་པ་ཁྱད་འཕགས་ཤིག་ལྡན་འདུག”ཅེས་བསྔགས་བརྗོད་དང་འབྲེལ།  གལ་སྲིད་གླུ་མ་དབང་མོ་ད་ལོའི་ཀྲུང་དབྱང་བརྙན་འཕྲིན་ཁང་གི་ལོ་གསར་དགོང་ཚོགས་སྟེང་ཞུགས་ཐུབ་ཚེ། ངས་ཅིས་ཀྱང་རང་གི་གྲོགས་པོ་ཚང་མར་སྐུལ་སློང་བྱས་ནས་ཁོ་མོའི་འཁྲབ་སྟོན་ལ་བལྟ་རུ་འཇུག་ངེས་”ཞེས་ཀྱང་བརྗོད་ཡོད་འདུག wangmo-1
དཔྱད་འདེམས་པ་ཚང་མས་མ་གྲོས་གཅིག་མཐུན་གྱིས་གླུ་མ་དབང་མོར་བྱ་དགའ་ཨང་དང་པོ་སྟེར་དོན་ནི་ཁོ་མོའི་མི་རིགས་རང་གི་ཐུན་མིན་གྱི་རིག་གནས་སྒྱུ་རྩལ་འཁྲབ་སྟོན་གྱི་རྣམ་པ་ལྡན་པ་མ་ཟད། དེང་རབས་ཀྱི་མཛེས་དཔྱོད་གསར་པའི་ཆ་ཞིག་ཀྱང་ལྡན་པའི་རྐྱེན་གྱིས་ཡིན་འདུག
༢༠༠༢ ལོར།  གླུ་མ་དབང་མོ་རྒྱའི་གློག་བརྙན་བརྩམས་ཆོས་ཤིག་གི་འཁྲབ་སྟོན་པར་གདན་དྲངས་སྐབས། ཁོ་མོའི་འཁྲབ་སྟོན་གྱིས་འཁྲབ་ཁྲིད་པར་བག་ཆགས་ཟབ་མོ་ཞིག་བཞག་པར་མ་ཟད། རྗེས་སོར་གློག་བརྙན་དེ་རྒྱལ་ཡོངས་ཀྱི་ས་གནས་སོ་སོ་ནས་བསྟན་པ་རེད།
༢༠༠༤ ལོ་དང་༢༠༠༦ ལོ་གཉིས་ལ་སྔ་རྗེས་སུ་བོད་ལྗོངས་བརྙན་འཕྲིན་ཁང་གིི་བོད་ཀྱི་ལོ་གསར་དགོང་ཚོགས་ལ་ཞུགས་པར་མ་ཟད། བོད་ཁམས་ཡོངས་ཀྱི་ལྟད་མོ་བ་ཡོངས་ནས་དགའ་བསུ་ལྷག་ཏུ་ཐོབ་ཡོད་པ་རེད། ཁོ་མོས་བླངས་པའི་《ལང་ཚོའི་རྩེད་ར》དང 《ཚེ་རིང་ལགས་སོ》 《ཨ་ཅག་ལགས》སོགས་ནི་དེང་དུས་བོད་ཁམས་ན་དར་ཁྱབ་ཤིན་ཏུ་ཆེ་བའི་གླུ་གཞས་ཀྱི་གྲས་ཡིན་པ་རེད།  ལོ་སྔོན་མར་གླུ་བ་གཡུང་དྲུང་རྒྱལ་དང་ཞབས་བྲོ་བ་གྲགས་ཅན་གཡང་ལིས་ཕེན་གཉིས་ཀྱི་གཟི་ཚ་སྡེ་དགུ་ནས་ཕབ་སྐྲུན་བྱས་པའི་གཞི་ཁྱོན་ཆེ་བའི«བོད་འཆམ»ནང་གླུ་མ་དབང་མོས་འཁྲབ་སྟོན་པ་གཙོ་བོ་དང་གླུ་ལེན་པ་གཙོ་བོའི་འགན་ཁུར་ཡོད་པ་རེད་འདུག །