ཤར་ཏུར་ཀི་སི་ཐན་དུ་གངས་སྐྱོན་བྱུང་བ།

snow fall in xingjianརྒྱ་ནག་གི་དམངས་སྲིད་ལས་ཁུངས་ཀྱིས་བཤད་པ་ལྟར་ན། ཞིན་ཅང་གི་ཐ་ཁྲིན་དང་ཨ་ལི་ཐེ་ས་ཁུལ་གྱི་གངས་སྐྱོན་ལས་ཞིན་ཅང་ཡུ་གུར་རིགས་རང་སྐྱོང་ལྗོངས་ཀྱི་རྫོང་དང་གྲོང་ཁྱེར་ཉི་ཤུའི་ཤང་དང་གྲོང་བརྡལ་དགུ་བཅུའི་མི་འབུམ་གཉིས་དང་ཁྲི་དྲུག་ལྷག་ལ་གནོད་འཚེ་ཐེབས་པ་དང་། མི་གཅིག་ཤི་བ།  མི་༢༧༦ ལ་རྨས་སྐྱོན་ཕོག་པ།  ཁང་པ་༧༠༠ ལྷག་བརྡིབས་པ་དང་ཁང་པ་༤༨༠༠ ལྷག་གཏོར་བརླག་ཐེབས།  ས་ཁུལ་ཁ་ཤས་ཀྱི་འགྲིམ་འགྲུལ་ལ་འགོག་རྐྱེན་འཕྲད་པ་དང། གློག་ཆད་པ་སོགས་བྱུང་ཡོད་འདུག གནོད་འཚེ་ཐེབས་པའི་མང་ཚོགས་༥༤༠༠ ལྷག་མྱུར་དུ་ས་ཆ་བདེ་འཇགས་ཡོད་སར་སྤོས་སྐོར་དང། ཉལ་ཆས་སོགས་རྒུད་སྐྱོབ་དངོས་པོ་སོགས་རྒྱ་སྐོར་བྱེ་བ་གཅིག་དང་ས་ཡ་ལྔ་འགྲོ་སོང་བཏང་ཡོད་པར་བརྗོད་ཡོད་པ་རེད།།