དགེ་ལྡན་སྨོན་ལམ་ཆེན་མོ་འཚོག་བཞིན་པ།

སྨོན་ལམ་གྱི་རྒྱུན་ལྡན་གསུང་ཆོས་དེ་འདི་ལོར་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་གིས་སྐྱེས་རབས་གསུང་ཆོས་དང༌། དེ་བཞིན་སྨོན་ལམ་དངོས་གཞི་སྐམ་འཚོགས་བཅས་རྡོར་གདན་མཆོད་རྟེན་རིན་པོ་ཆེའི་མདུན་དུ་འཚོགས་སོང༌། ཚེས་༥ ནས་༧གོང་ས་མཆོག་གི་གསུང་ཆོས་དང་མཉམ་དུ་འཚོག་བཞིན་ཡོད་པས། རྒྱུན་ལྡན་ལྟར་མིན་པར་གསུང་ཆོས་ཀྱི་དུས་ཚོད་དང་བསྟུན་ནས་ཆོ་འཕྲུལ་སྨོན་ལམ་ཆེན་མོ་འཚོག་བཞིན་ཡོད་པ་རེད།། འདི་ག་གསར་ཁང་གི་ཐེངས་འདིའི་ཆེད་གཉེར་གསར་འགོད་པས་རྡོར་གདན་ནས།