རྒྱ་ནག་གིས་བོད་སྐོར་ཚོགས་འདུ་འཚོགས་པ།

ཚོགས་འདུ་དེའི་བརྗོད་གཞི་ནི་བོད་ནང་ཁྱོན་ཡོངས་ནས་དཔལ་འབྱོར་འཕེལ་རྒྱས་དང་མི་མང་གི་འཚོ་བའི་གནས་སྟངས་ཡར་རྒྱས་གཏོང་རྒྱུ་དེ། རྒྱ་ནག་རྒྱལ་ཁབ་ཀྱི་བདེ་འཇགས་དང་མི་རིགས་ཀྱི་གཞི་རྩའི་ཁེ་ཕན་དང་འཕེལ་རྒྱས་དང་འབྲེལ་བ་དམ་ཟབ་ཡོད་ལུགས་དང། བོད་ནང་དཔལ་འབྱོར་འཛུགས་སྐྲུན་གཙོ་བོར་བཟུང་ནས་མི་རིགས་མཐུན་སྒྲིལ་དང་མི་མང་གི་འཚོ་བའི་གནས་སྟངས་ཡར་རྒྱས་གཏོང་རྒྱུའི་ཐབས་ལམ་གྱི་འོག  བོད་ཀྱི་བརྟན་ལྷིང་འཕེལ་རྒྱས་ལས་དོན་འཐུས་སྒོ་ཚང་དུ་གཏོང་རྒྱུ་སོགས་ཚོགས་འདུའི་ཐོག་ནན་བརྗོད་བྱས་ཡོད་པ་རེད།
ད་ཐེངས་ཀྱི་ཚོགས་འདུ་འདི་ནི། སྲིད་འཛིན་ཧུའུ་ཅིང་ཐའོ་ཡིས་གཙོ་སྐྱོང་བྱས་ཡོད་པ་དང། སྲིད་བློན་ཝིན་ཅཱ་པའོ་དང། སྲིད་འཛིན་གཞོན་པ་ཞིའི་ཅིང་ཕེང་སོགས་མི་སྣ་༢༥ ཙམ་ལས་གྲུབ་པའི་རྒྱ་ནག་མཐོ་རིམ་མི་སྣའི་ཚོགས་འདུ་ཞིག་ཡིན་པ་རེད།།