བརྩོན་འགྲུས།

འབང༌༌༌༌༌༌༌༌འབང༌༌༌༌༌༌༌༌༌འབང༌

ཁང་བདག་ཚང་གི་བ་རྒན་མ་འཆིང་ཐག་གིས་འདོགས་དྲག་ནས་

ལྟོགས་སྐད་སྒྲོག་པར་ཡ་མཚན་རྒྱུ་དེ་ཙམ་མེད།

འུན༌༌༌༌༌༌༌༌༌༌འུན༌༌༌༌༌ཨ་མ༌༌

ཁྱིམ་བདག་མའི་བུ་ཆུང་ལའང་གཅིག་བྱུང་ཡོད་ཚོད།

 

ཝང༌ཝང༌༌༌༌༌༌༌༌༌ཝང་ཝང༌༌༌༌༌༌

ཁྱིམ་མཚེས་མཛེས་མའི་ཁྱི་ཨ་སོབ་དེ་བུ་ཆུང་གི་ཁ་གཏད་དུ་ལངས་སོང༌།

 

ལྡོང་ལྡོང་ལྡོང༌༌༌༌༌༌༌༌༌༌༌ཨ་ཧུ་ཨ་ཧུ་ཨ་ཧུ༌༌༌༌༌༌༌༌༌༌༌༌

རོལ་དབྱངས་ཀྱི་ངར་སྒྲ་དེ་ནི་

ཁང་འོག་གི་ལས་མེད་ཁོ་ཁྱིམ་དུ་ལྷོད་བསྡོད་ཡོད་པའི་རྟགས་རེད།

 

ཨ། ཨ། ཨ།

སྐད་སྣ་ཚོགས་ཀྱི་དབུས་ནས།

ཁ་ཏྰ་ནག་ཆུང་ཁོའང་འཚང་ཁ་ཆེ་མདོག་ཡོད།

 

དུས་ཡུན་གྱི་བླ་འཁྱམ་རྗེས།

བདག་གི་རྣམ་ཤེས་ཕྱིར་འཁོར་ཞིང༌།

ཁང་ཆུང་ནང་སྐར་ཆའི་ཐག་སྒྲས་བདག་གཉིད་ལས་སད་དེ།

མདུན་ལྕོག་སྒང་ལྟ་དུས།

 

སྙིང་རྗེ༌༌༌༌༌༌༌༌༌བརྩོན་འགྲུས་ཁོང༌།

ད་དུང་ཡང་འདི་ལྟར།

སྟོང་སང་སང་གི་ཤོག་ལྷེབ་སྟིང༌།

སྐྱོ་ཉམས་ཀྱིས་་༌༌༌༌

ཁེར་རྐྱང་དུ་ལུས་འདུག

ཕྱི་ཟླ་1ཚེས་10ཉིན་རང་ཤག་ཏུ་བྲིས།