གློག་བརྙན་འཁྲབ་སྟངས་ཟབ་སྦྱོང།

movie 2ཟབ་སྦྱོང་ཐེངས་དང་པོ་དེ་ཕྱི་ལོ་༢༠༠༥ ལོར་དྷ་སྟེང་བོད་ཁྱིམ་གྱི་སློབ་གྲྭར་ཟླ་བ་གཅིག་རིང་སྤྲད་ཅིང༌། སྐབས་དེར་སློབ་ཕྲུག་༣༠ ལྷག་ཙམ་འཛུལ་ཞུགས་བྱས་ཡོད་འདུག སྐབས་འདིའི་གློག་བརྙན་ཟབ་སྦྱོང་འདི་དང་འབྲེལ་བའི་དཔེ་དེབ་དང་དྲ་རྒྱ་བཟོ་འགོད་སོགས་ལོ་ཤས་རིང་གྲ་སྒྲིག་བྱས་ཤིང། དེའི་དམིགས་ཡུལ་གཙོ་བོ་ནི་བོད་མི་རྣམས་ཀྱིས་གསར་ལམ་གྱི་སྟོབས་ཤུགས་དང་ཐབས་རྩལ་གྱི་ལག་ཆ་བེད་སྤྱད་ནས་རང་དབང་འཐབ་རྩོད་དང་རིག་གཞུང་སྲུང་སྐྱོབ་ལ་ནུས་ཤུགས་གོང་མཐོར་གཏོང་རྒྱུ་དང༌། དེ་བརྒྱུད་ནས་བོད་དོན་དང་འབྲེལ་བའི་བོད་མི་རྣམས་ཀྱི་ཉིན་རེའི་འཚོ་བ་དང་གནས་སྟངས་ངོ་སྤྲོད་བྱེད་ཐུབ་ཆེད་ཡིན་པ་རེད། ཟབ་སྦྱོང་འདི་དྷ་སྟེང་བོད་ཁྱིམ་དང་དྷ་ས་མི་མང་སྟེ་སྡེ་ཚན་གཉིས་སུ་བགོས་ནས་ཟབ་སྦྱོང་སྤྲོད་མུས་ཡིན་པ་རེད། །movie 3