བླ་སྤྲུལ་རྣམས་ཀྱི་ཡང་སྲིད་ངོས་འཛིན་བྱེད་པའི་ཐོབ་ཐང་ཐད་བཙན་བྱོལ་བོད་གཞུང་གི་བདེན་པའི་ལན་འདེབས།

http://www.tibet.net/tb/flash/2009/dec/CTA’s%20Respose%20V.pdf

ན་ནིང་ཕྱི་ལོ་ ༢༠༠༨ ལོར་བོད་ནང་དམིགས་བསལ་གྱི་ཛ་དྲག་གནས་ཚུལ་ཐོན་པ་དང། བོད་རྒྱ་འབྲེལ་མོལ་ཐེངས་བརྒྱད་པའི་སྐབས་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་རྒྱ་གཞུང་ལ་ཕུལ་རྗེས་སོགས་སྔ་ཕྱི་རིམ་པར་རྒྱ་ནག་གི་གཞུང་འབྲེལ་གསར་འགྱུར་བརྒྱུད་ལམ་ཁག་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་གསུང་འཕྲིན་དང་གསུང་བཤད། གཞན་ཡང་རང་སྐྱོང་གི་བསམ་འཆར་ལ་སོགས་པར་གང་བྱུང་འགྲེལ་བརྗོད་ཀྱིས་ཆ་འཕྲིན་སྟོང་ཕྲག་མང་པོ་ཡིག་རིགས་དུ་མའི་ནང་བརྒྱུད་བསྒྲགས་བྱས་པ་དང། བཙན་བྱོལ་བོད་གཞུང་ནས་ཀྱང་དེ་དག་ལ་བདེན་པའི་ལན་འདེབས་གནང་མཁན་ཞིག་གྲ་སྒྲིག་གནང་ཡོད་པ་རེད་འདུག

བཙན་བྱོལ་བོད་གཞུང་གིས་ན་ནིང་ ༢༠༠༨ ཟླ་ ༥ ཚེས་ ༡༥ འཁོད་རྒྱ་ནག་གཞུང་གི་སྐྱོན་འཛུགས་ཁག་ལ་བཙན་བྱོལ་བོད་གཞུང་གི་ལན་འདེབས། ཞེས་ལེ་ཚན་དང་པོ་ཞིག་སྤེལ་གནང་གིས་རིམ་བཞིན་ལེ་ཚན་བཞི་པ་བར་ཁྱབ་སྤེལ་གནང་བ་དང། ད་ལོ་ཕྱི་ཟླ་ ༩ ཚེས་ ༡༤ ཉིན་བཙན་བྱོལ་བོད་གཞུང་གི་དྲ་རྒྱའི་ནང་རྒྱ་ནག་གཞུང་ནས་”དམག་དཔུང་ཕྱིར་འཐེན་”དང་། “མི་རིགས་གཙང་སེལ་”ཞེས་བོད་མིའི་མངོན་འདོད་ལ་འཁྱོག་བཤད་བྱས་པར་བཙན་བྱོལ་གཞུང་གི་བདེན་པའི་ལན་འདེབས། ཞེས་པ་ཞིག་ཁྱབ་སྤེལ་གནང་ཡོད་པ་གཤམ་གསལ་ཁ་བྱང་བརྒྱུད་མཁྱེན་རྒྱུ། http://www.tibet.net/tb/landap/010909.html

ཡང་ ༢༠༠༩ ཟླ་ ༡༠ ཚེས་ ༢༩ ཉིན་བཙན་བྱོལ་བོད་གཞུང་གི་དྲ་རྒྱའི་ནང་རྒྱ་ནག་གཞུང་གིས་༸གོང་ས་སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་བོད་མིའི་ངོ་ཚབ་མཚོན་མི་ཐུབ་ཅེས་འཁྱོག་བཤད་ཀྱི་དྲིལ་བསྒྲགས་སྤེལ་བར་བཙན་བྱོལ་བོད་གཞུང་གིས་དགག་ལན།ཞེས་ཁྱབ་སྤེལ་གནང་བ་དེ་ཁོ་བོའི་ཟིན་བྲིས་ནང་བཀོད་ཡོད་པ་གཤམ་གསལ་ཁ་བྱང་ནས་མཁྱེན་རྟོགས་ཡོང་ངེས་བཅས།།

http://www.tibettimes.net/blogs.php?id=66&post_id=5151

http://www.tibettimes.net/blogs.php?id=66&post_id=5152

http://www.tibettimes.net/blogs.php?id=66&post_id=5153