སོག་རྫོང་གི་བོད་མི་བཞི་ལ་ཁྲིམས་ཆད།

ཡེ་ཤེས་སྦྱིན་པ་དང་བསྟན་འཛིན་དར་རྒྱས་གཉིས་རྒྱ་གར་ལ་འགྲོ་མཁན་ཡིན་པར་བསྙད་ནས་འཛིན་བཟུང་བྱས་པ་དང།  བསྟན་འཛིན་དར་རྒྱས་ཀྱིས་ལོ་ཤས་སྔོན་བོད་རང་བཙན་གྱི་སྐད་འབོད་བྱེད་མྱོང་བར་བསྙད་ནས་ཁྲིམས་ཆད་ལོ་གསུམ་དང་ཡེ་ཤེས་སྦྱིན་པ་ལ་ལོ་གཉིས་ཀྱི་བཙོན་འཇུག་ཁྲིམས་ཐག་བཅད་ནས་ལྷ་སར་ཁྲིད་ཡོད་འདུག yeshi jinpa ཨ་ནེ་ཆོས་སྒྲོན་དང་ནོར་བུ་བཟང་པོ་གཉིས་ལ་ལོ་གཅིག་རེའི་ཁྲིམས་ཐག་བཅད་ནས་ནག་ཆུའི་བཙོན་ཁང་དུ་བཞག་ཡོད་པ་དང།  ཡེ་ཤེས་སྦྱིན་པ་དེ་སྔོན་ནད་བཅོས་ཆེད་ལྷ་སར་ཡོང་བ་ཞིག་ཡིན་པས་དེང་སྐབས་ན་ཚ་སྡུག་ཏུ་ཕྱིན་ནས་སྨན་ཁང་དུ་ལུས་ཡོད་འདུག
ཕྱི་ཟླ་༡༢ ཚེས་༢ ཉིན་སོག་རྫོང་ཙན་དན་དགོན་པའི་གྲྭ་ཡེ་ཤེས་སྦྱིན་པ་དང། ན་གཞོན་བསྟན་འཛིན་དར་རྒྱས་གཉིས་ལྷ་སའི་ཇོ་ཁང་སྒོ་འགྲམ་དུ་ཕྱག་འཚལ་བཞིན་ཡོད་པས། བཙུན་མ་ཆོས་སྒྲོན་དང་ནོར་བུ་བཟང་པོ་གཉིས་ཀྱིས་ཁོང་གཉིས་ལ་ཁ་ལག་སྐྱེལ་བར་འགྲོ་སྐབས་གློ་བུར་དུ་འཛིན་བཟུང་བྱས་པ་ཞིག་རེད། ཟླ་༡ དང་པོའི་ཚེས་ཤར་ནས་སོག་རྫོང་གི་གྲོང་སྡེ་ཁག་ལ་ལས་དོན་རུ་ཁག་ཅེས་པའི་མི་སྣ་༣༡ ཙམ་ཡོང་ནས་རྒྱ་ནག་གི་ཆབ་སྲིད་དྲིལ་བསྒྲགས་དང་འབྲེལ། ཕྱིའི་རྒྱལ་ཁབ་ཏུ་ཕྱིན་པའི་མི་སྣ་སུ་ཡོད་ཞིབ་བཤེར་བྱེད་ཀྱི་ཡོད་འདུག །

{jcomments on}