ཀོ་ཌོན་མཛངས་མའི་གཟེངས་རྟགས་བོད་པའི་བུད་མེད་ཅིག་ལ་ཐོབ་པ།

miss kodonཀོ་ཌོན་མཛངས་མ་ཞེས་ས་ཁུལ་མཛངས་མའི་འགྲན་སྡུར་བྱེད་ཀྱི་ཡོད་པ་དང། དེ་ནི་ས་གནས་ཀྱི་མཐོ་རིམ་སློབ་མ་དང་དེ་མིན་གཟུགས་དང་བསམ་བློའི་མཛངས་སྤྱོད་ལྡན་པའི་བུ་མོ་ཚོ་འཛུལ་ཞུགས་ཀྱིས་འགྲན་སྡུར་བྱེད་སའི་གར་སྟེགས་ཞིག་ཡིན་པ་རེད། ད་ལོའི་དེ་གའི་མཛངས་མའི་འགྲན་སྡུར་ནང་རྒྱ་གར་བའི་བུ་མོ་༡༣ དང༌། ཀོ་ཡམ་བྷ་ཏུར་C.R.Krishnamal བུད་མེད་མཐོ་སློབ་ནང་ཡོད་པའི་བོད་ཀྱི་བུ་མོ་སྒྲོལ་མ་ཚེ་རིང་ལགས་བཅས་ཁྱོན་བུ་མོ་༡༤ འགྲན་སྡུར་ནང་འཛུལ་ཞུགས་བྱས་ཡོད་པ་ལས། ལྟད་མོ་བ་ཁྲི་ལས་བརྒལ་བའི་འདུ་འཛོམས་སར་མཛངས་མའི་འགྲན་སྡུར་ཨང་དང་པོའི་བྱ་དགའ་དེ་བོད་ཀྱི་བུ་མོ་སྒྲོལ་མ་ཚེ་རིང་ལ་ཐོབ་ཡོད་པ་རེད།  རྒྱལ་ཁའི་གསོལ་རས་ཨང་དང་པོར་ཧིན་སྒོར་༡༥༠༠༠ དང་མ་ལེ་ཤི་ཡ་སྤྲོ་འཆམ་ཕྱག་འཁྱེར་དང་སྦག་སྦག་གཅིག་བཅས་ཡོད་པ་དང། ཨང་གཉིས་པ་དང་གསུམ་པ་ལ་ཧིན་སྒོར་༥༠༠༠ རེ་ཕུལ་ཡོད་འདུག།།
མེ་སོར་གསར་འགོད་པས།