ཉིས་སྟོང་དགུ་ལོར་རྒྱ་ནག་གཞུང་དམངས་གཉིས་དབར་བྱུང་བའི་དོན་རྐྱེན་ཁག་སུམ་ཅུ།
ཟླ་བ་གཉིས་པ།
ཨ་རིའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འགོ་གཙོ་ལྕམ་སྐུ་ཤྲི་ལ་ལིས་པེ་ཅིང་ལ་འཚམས་འདྲིར་སོང་སྐབས་གཞུང་གིས་ཞུ་གཏུག་བྱེད་མཁན་མི་དམངས་ལ་བཀག་འགོག་བྱས་པ་དང༌།ལྡོག་ཕྱོགས་ཀྱི་བསམ་བློ་སྨྲ་མཁན་ཚོ་བཙོན་འཇུག་བྱས་ཡོད་པ་རེད།
ཁེར་དབང་སྲུང་འཛིན་མཁན་གྱི་ཁྲིམས་རྩོད་པ་ཀོ་ཀྲི་ཧྲིན་ས་གནས་ཉེས་རྟོག་པས་རང་ཁྱིམ་ནས་འཛིན་བཟུང་བྱས་རྗེས་ད་བར་གར་སོང་ཆ་མེད་དུ་གྱུར་བ།
རྒྱ་ནག་དབུས་གཞུང་གི་ཁང་རྩེགས་ཆེན་མོར་མེ་ཤོར་བར་དྲ་གྲོགས་མང་པོས་དྲ་ལམ་དུ་རྩོམ་མང་སྤེལ་ནས་དགའ་ཚོར་བྱུང་ཚུལ་བརྗོད་པ།
ཟླ་བ་གསུམ་པ།
པེ་ཅིང་དུ་ཚོགས་ཆེན་ཁག་གཉིས་འཚོགས་རིང༌།ས་ཁུལ་སྲིད་གཞུང་ཁག་ནས་ཞུ་གཏུག་བྱེད་མཁན་གྱི་མི་མང་ཁག་ཅག་སློད་གྲོལ་བཏང་ཡོད་ཀྱང༌། གནད་ཆེའི་མི་མང་ཚོ་ད་དུང་བཀག་ཉར་དང་བཙོན་འཇུག་བྱས་ཡོད་པ།
ནད་གཞིའི་SARSཡི་གནས་དོན་ཞིབ་འཇུག་དང་བསྔོག་འདོན་བྱེད་མཁན་སྨན་པ་ཅང་ཡན་ཡོང་གིས་སྙན་ཞུ་ཕུལ་ནས་སྲིད་གཞུང་ནས་ཁོ་ལ་བཀག་ཉར་དང་བཙོན་འཇུག་བྱས་པར་དགོངས་སེལ་ཞུ་དགོས་སྐོར་འཁོད་ཡོད་པ་རེད།
ཧང་ཀོང་གི་རྒྱ་མི་རིགས་ཀྱི་ཁྲིམས་རྩོད་པས་ཟས་བཅད་ངོ་རྒོལ་ལས་འགུལ་སྤེལ་ནས་བཙོན་དུ་ཚུད་པའི་ཁྲིམས་རྩོད་པ་དང་དེ་འབྲེལ་མི་སྣ་ཚོ་གློད་གྲོལ་ཡོང་བའི་འབོད་བསྐུལ་ཞུས་པ།
ཟླ་བ་བཞི་པ།
ཧྲན་ཏུང་སློབ་ཆེན་སློབ་དགེ་ཆེན་མོ་བ་སུན་ཝུན་ཀོང་གིས་སློབ་གྲྭའི་ཕྱོགས་ཀྱི་ཉེན་བརྡར་མ་ཉན་པར་ཅི་ནན་གྲོངཁྱེར་དཔའ་བོའི་མྱ་ངན་རི་བོར་རྒྱ་ནག་གི་གཙོ་འཛིན་ཟུར་པ་ཀྲོའོ་ཙི་ཡང་ལ་མྱ་ངན་རྗེས་དྲན་ཞུས་བར་ཕྱིན་པའི་ལམ་བར་དུ་མི་འགས་རྡུང་རྡེག་བྱས་རྐྱེན་སྨན་ཁང་དུ་ལྷག་པ།
ཧི་པའེ་ཞིང་ཆེན་པོ་ཏིང་ཁུལ་ཡེ་ཅིང་ཚོགས་པའི་བཟོ་པ་སྟོང་ཁྲག་བརྒལ་བས་རྒྱ་ནག་གཞུང་གི་སྲིད་ཇུས་ལ་བཅོས་སྒྱུར་དགོས་འདུན་བཏོན་པ་དང་རྒྱལ་ཁབ་ཀྱི་མ་དངུལ་ག་སོང་ཆ་མེད་གྱུར་བར་ངོ་རྒོལ་ཆེད་པེ་ཅིང་དུ་རེ་འདུན་ཞུ་བར་བཅར་སྐབས་ཉེས་རྟོག་པས་ལམ་བར་ཤུའུ་ཧྲེ་རྫོང་དུ་བཀག་སྡོམ་བྱས་པ།
ཟླ་བ་ལྔ་པ།
ཧུའེ་པེ་པ་ཏོང་ཡེ་གྲོང་རྡལ་གསུམ་པའི་ཞབས་ཞུ་བ་བུ་མོ་ཏིང་ཡུའུ་ཀྱོ་ནས་མོ་ལ་ལུས་འབྲེལ་དགོས་ལུགས་ཀྱི་བཙན་བཀའ་བཏང་མཁན་གྱི་དཔོན་པོར་གྲི་རྒྱབ་སྟེ་བསད་རྗེས་བཙོན་འཇུག་བྱས་པར།མི་མང་གི་རེ་འབོད་ཤུགས་ཆེན་འོག་བུ་མོ་ཏིང་ཡུའུ་ཀྱོ་བཙོན་ཁྲིམས་ནས་ཐར་བ།
ཟླ་བ་དྲུག་པ།
ཧུའུ་པེ་ཧྲི་ཧྲོ་གྲོང་ཁྱེར་ཡོང་ལུང་ཨར་ཁང་ཆེན་མོའི་མ་བྱན་ཞོས་ཡོན་ཀོ་ཟེར་བ་དེ་ཁང་རྩེགས་ནས་མར་མཆོང་ནས་ཤི་བ་དེ་ཉེས་རྟོག་པས་རང་ཤི་རྒྱག་ཚུལ་བརྗོད་ཀྱང༌། ཁྱིམ་མིས་མི་ཤིའི་གྱོད་དོན་དེར་དོགས་པ་སྐྱེས་ཤིང༌། ཐག་གཅོད་ལ་མ་མོས་པའི་རྣམ་འགྱུར་ཤུགས་ཆེར་བཏོན་ཕྱིན།ས་གནས་མི་མང་མཉམ་འཛོམས་ཀྱིས་ཤི་ཕོའི་ཁྱིམ་མིར་རྒྱབ་སྐྱོར་བྱེད་སྐབས་ཉེས་རྟོག་པ་དང་ཕན་ཚུན་ཤི་ཕོའི་ཕུང་པོ་འཕྲོག་རེས་བྱས་པའི་ལས་འགུལ་དེ་རྒྱ་ཁྱབ་ཏུ་ཕྱིན་པ།
རྒྱ་ནག་ཡུལ་མིའམ་ཧྲང་ཧེ་གྲོང་ཁྱེར་ཁེར་དབང་སྲུང་སྐྱོར་བ་ཧྥུང་ཀྲིང་ཧུ་ཇ་པན་རྒྱལ་ཁབ་ནས་ཕྱིར་རང་རྒྱལ་ལོག་པར་རྒྱ་ནག་གཞུང་ཕྱོགས་ཀྱི་བཀག་འགོག་འཕྲད་སྟབས། ཇ་པན་རྒྱལ་ཁབ་ཀྱི་གནམ་ཐང་དུ་ལུས་ཡོད་པ་དང༌། རང་ཡུལ་དུ་ལོག་ཐབས་ཀྱི་ངོ་རྒོལ་ཕྱིར་རྒྱུན་རིང་གནམ་ཐང་དུ་ལུས་ནས་ཕྱིར་རང་ཁྱིམ་དུ་ལོག་ཐབས་མ་བྱུང་བ།
(དེ་རྗེས་ཟླ་2ཚེས་12ཉིན་རྒྱ་གཞུང་གིས་མོས་མཐུན་བྱུང་ནས་ཕ་ཡུལ་ཧྲང་ཧེར་འབྱོར་ཐུབ་པ་བྱུང་ཡོད། )
ཟླ་བ་བདུན་པ།
རྒྱ་ནག་གཞུང་ངོས་ནས་བཙན་བཀའ་འོག་སྒེར་གྱི་གློག་ཀླད་ནང་ནད་དུག་འགོག་བྱེད་ཡིན་ཟེར་བའི་འཕྲུལ་ཆས་འཇོག་རྗེས་མི་མང་གིས་ངོ་རྒོལ་ཤུགས་ཆེར་བྱུང་སྟབས། བྱ་བ་དེ་ཕྱི་འགྱངས་མ་བྱེད་ཀ་མེད་བྱུང་བ།
ཀྱི་ལིང་ཞིང་ཆེན་ཐོང་ཀང་བཟོ་གྲྭའི་བཟོ་པ་ཁྲི་གསུམ་ལྷག་གིས་ཁེ་ལས་སྡེ་ཚན་གྱི་སྒྲིག་གཞི་སྐྱར་འཛུགས་བྱ་བར་ངོ་རྒོལ་ཤུགས་ཆེན་བྱས་ཤིང༌།མ་དངུལ་གཏོང་མཁན་གྱི་འགོ་དཔོན་ཕྲིན་གོ་ཀྱོན་ཟེར་བ་དེ་མི་མང་གིས་རྡུང་རྡེག་འོག་བསད་པ།
སྲིད་གཞུང་རང་ངོས་ནས་དཔྱ་ཁྲལ་བསྡུ་རུབ་དོན་མཐུན་མ་བྱུང་བར་བསྙད་དེ་ཁེར་དབང་བརྩོན་ལེན་པའམ་ཁྲིམས་རྩོད་པའི་ཕྱིར་ཁྱབ་ཀྱི་འདུས་འཛོམས་སྒྲིག་འཛུགས་དེ་མེད་པར་བཟོ་དགོས་ལུགས་བརྗོད་ཅིང༌།ཚོགས་པ་བཙུགས་མཁན་འགོ་པ་ཞོས་ཀྲི་ཡོང་འཛིན་བཟུང་བྱས་པ།
ཤར་ཏུ་ཀི་སི་ཐན་ཝུ་ལུ་མུ་ཆིའི་གྲོང་ཁྱེར་དུ་མི་རིགས་ཀྱི་ཁེར་དབང་སྲུང་སྐྱོབ་ཀྱི་ལས་འགུལ་སྤེལ་བ་དང་སྲིད་གཞུང་གི་ཉེས་རྟོགས་ཚན་པ་སོགས་དང་མི་མང་དབར་དྲག་པོས་འཐབ་འཛིང་བྱུང་བའི་གསར་འགྱུར་འཛམ་གླིང་ཀུན་དུ་ཁྱབ་ཅིང།བྱ་བ་འབྱུང་རྐྱེན་གཙོ་བོ་ནི་རྒྱ་མིས་ལེ་དབང་སྟོང་ཁྲག་སར་གནས་པའི་རྒྱ་ནག་ཀོང་ཏུང་ཞིང་ཆེན་ཧྲོ་ཀོན་དུ་གནས་པའི་ཤར་ཏུ་ཀི་སི་ཐན་ཡུ་གུའི་མི་རིགས་ཀྱི་བཟོ་པ་ རྡུང་རྡེག་བཏང་ནས་བསད་རྗེས་བྱུང་བ་རེད།
ཟླ་བ་བརྒྱད་པ།
ཨན་ཧུའེ་ཞིང་ཆེན་གྱི་བུད་མེད་ལི་རུས་རུས་པེ་ཅིང་གྲོང་ཁྱེར་དུ་ཞུ་གཏུག་སྤྱོད་སྐབས་སུ་བཙོན་ཁང་ནག་པོ་ཟེར་བར་བཙོན་འཇུག་དང་སྐོར་སྲུང་བས་བཙན་གཡེམ་བྱས་རྐྱེན།དྲ་ལམ་ཁག་ནས་དེར་ངོ་རྒོལ་དང་ཉེས་དོན་དེར་རྒྱབ་སྐྱོར་ཤུགས་ཆེན་བྱུང་བ།
ཟི་ཁྲོན་ཞིང་ཆེན་ས་ཡོམ་ཆེན་མོ་བྱུང་སྐབས་སྒེར་གྱིས་སློབ་གྲྭའི་མ་ཁང་ལེགས་སྐྲུན་མ་བྱུང་བའི་སྐོར་རྟོག་དཔྱད་བྱེད་མཁན་ཐན་ཙོ་རིན་ལ་སྲིད་གཞུང་ངོས་ནས་རྒྱལ་ཁབ་ཀྱི་སྲིད་དབང་མགོ་སྟིང་སློག་པར་བསྐུལ་སློང་བྱས་ཚུལ་གྱི་ཉེས་མིང་འོག་ཁྲིམས་གཏུག་བྱས་པ།
སྒྱུ་རྩལ་བ་གྲགས་ཅན་ཝེ་མའོ་མའོ་རྒྱ་ནག་གི་གྲོང་ཁྱེར་ཁྲིན་ཏུར་གཞན་མི་ཐན་ཙོ་རིན་ལ་དཔང་མི་བྱེད་སྐབས་སུ་ཉེས་རྟོག་པས་རྡུང་རྡེག་ཕོག་ཅིང༌། དེ་རྗེས་ཇ་མིན་ནིའི་རྒྱལ་ཁབ་ཏུ་མགོ་བོར་བཤག་བཅོས་བྱེད་དགོས་བྱུང་བ།
ཧྥུ་ཀྱེན་ཆོན་ཀྲིག་ཆོན་ཀང་ཧྥིང་ཝེ་གྲོང་རྡལ་གྱི་མི་མང་ཁྲི་གཉིས་ལྷག་ནས་ས་གནས་རང་གི་རྡུལ་རྫས་བཟོ་གྲྭ་ནས་དུ་ནག་སོགས་ཀྱིས་ཁོར་ཡུག་འབག་བཙོག་བཟོས་པར་ངོ་རྒོལ་བྱས་པ་དང༌།མི་དམངས་དང་ས་གནས་ཉེས་རྟོག་པའི་དབར་འཐབ་འཛིང་ཤོར་ཡོད་ཅིང༌།ས་གནས་དེ་ནི་རྡུལ་རྫས་འབག་བཙོག་རྐྱེན་གྱིས་སྐྲན་ནད་ཤུགས་ཆེར་དར་སའི་ཡུལ་ལུང་ཞིག་རེད།
ཟླ་བ་དགུ་པ།
ཧྲན་ཤི་ལིང་ཧྥིན་ཧྤུ་ཧྲན་རྫོང་སྲིད་གཞུང་གིས་ས་ཁུལ་གནམ་བདག་ཆོས་པར་དྲག་གནོན་བྱས་རྐྱེན་མི་མང་གིས་ངོ་རྒོལ་བྱུང་བར་བརྟེན། ཕན་ཚུན་དབར་མི་བསད་ཁྲག་སྦྱོར་གྱི་དོན་རྐྱེན་བྱུང་ཡོད་པ་དང༌། ཉེས་རྟོག་པ་བཞི་བརྒྱ་དང་དྲག་དམག་གིས་གནམ་བདག་ཆོས་པ་བཅུ་གྲངས་ལ་རྨས་སྐྱོན་ཚབ་ཆེན་བཟོས་ཤིང༌། ཁོ་ཚོའི་ཁང་མིག་བཅུ་གྲངས་ལ་གཏོར་བཅོམ་ཚད་མེད་བཏང་ཡོད་པ་རེད།
རྒྱ་ནག་ཧུའུ་ནན་ཞིང་ཆེན་དུ་བསམ་ཚུལ་ལྡོག་ཕྱོགས་སྨྲ་མཁན་ཤའེ་ཁྲང་ཧྥ་ཡིས་རྒྱ་ནག་དམངས་གཙོ་ཚོགས་པ་ཞིག་གཟུག་ཐབས་སྤེལ་བར་བརྟེན་སྲིད་གཞུང་ངོས་ནས་ཁོ་ལ་རྒྱལ་ཁབ་མགོ་སྟིང་སློག་པའི་ཉེས་མིང་འོག་ཁྲིམས་ཐག་ལོ་ངོ་བཅུ་གསུམ་བཅད་ཡོད་པ་རེད།
རྒྱ་ནག་ནན་ཅིང་གྲོང་གྱི་ཤེས་ཡོན་ཅན་ཀོ་ཆོན་ལ་སྲིད་གཞུང་ངོས་ནས་རྒྱལ་ཁབ་ཀྱི་སྲིད་ཇུས་མགོ་སྟིང་སློག་པའི་ཉེས་མིང་འོག་ཁྲིམས་ཐག་ལོ་བཅུ་བཅད་པ་། ཀོ་ཆོན་ནི་དམངས་གཙོ་ཚོགས་པ་གསར་མའི་འགོ་གཙོ་ཡིན་ལ། དེ་སྔོན་དམར་ཤོག་ཆེས་མཐོའི་འགོ་དཔོན་ཚོར་དམིགས་བསལ་ཟས་རིགས་མཁོ་སྤྲོད་སྡེ་ཚན་ལ་ཞིབ་འཇུག་བྱེད་མཁན་ཡིན་པ་རེད།
ནུབ་ཕྱོགས་ཧྥ་ལན་ཁེ་ཧྥུ་རྒྱལ་ཁབ་ཀྱི་དཔེ་ཚོགས་འགྲེམས་སྟོན་ཆེན་མོའི་སྐབས་རྒྱ་ནག་གི་སྡོག་ཕྱོགས་བསམ་བློ་བརྗོད་མཁན་རྣམས་ཀྱིས་ངོ་རྒོལ་གྱི་གཏམ་བརྗོད་སྤེལ་ཞིང༌།དཔོན་ཕྱོགས་རྩོམ་པ་པོ་ནས་ཇ་མིན་ནིའི་རྒྱལ་ཁབ་ཀྱི་གསར་ལམ་ཁག་ལ་སྐྱོན་བརྗོད་བྱེད་ཕོད་ཀྱི་མེད་པའི་གནས་ཚུལ་དེས་རྒྱ་ནག་གཞུང་ལ་སྨྲ་བརྗོད་རང་དབང་ཚོད་འཛིན་ཚད་གཞི་བརྒལ་བར་མངོན་གསལ་དོད་པོའི་ངང་ནས་མཚོན་ཡོད་པའི་སྐོར་གསལ་ཡོད་པ་རེད།
རྒྱ་ནག་གི་རང་དབང་རྩོམ་པ་པོའི་མཐུན་ཚོགས་ཀྱི་བུད་མེད་རྩོམ་པ་པོ་ཞའོ་ཆོ་སུ་ཏྲན་རྒྱ་ནང་ཕྱིར་ལོག་པར་རྒྱ་གཞུང་གིས་བཀག་འགོག་བྱས་པ།
ཟླ་བ་བཅུ་གཅིག་པ།
དེ་སྔོན་སི་ཁྲོན་ཞིང་ཆེན་ཨར་ལས་བཟོ་སྐྲུན་སྐོར་ཁེར་དབང་སྲུང་སྐྱོབ་བྱེད་མཁན་ཟི་ཁྲོན་གྱི་ཁྲིམས་རྩོད་པ་ཧང་ཡུ་ལ་སྲིད་གཞུང་གིས་ལུགས་མཐུན་མིན་པའི་ཕྱི་སྤྱོད་ལག་འཁྱེར་ཐོག་ནས་རྒྱ་ནག་གི་གསང་བ་ཕྱིར་སྤེལ་བྱས་ཚུལ་གྱི་ཉེས་མིང་འོག་ཁྲིམས་བཅད་ལོ་གསུམ་བཅད་པ།
དུག་ཤེད་ཅན་གྱི་འོ་རྩམ་སྐོར་གྱི་རང་སྲུང་སྡེ་ཚན་འཛུགས་མཁན་ནམ་དུག་ཤེད་འོ་རྩམ་གྱིས་ནད་གཞི་ཕོག་པའི་ཁྱིམ་མིའི་འཐུས་ཚབ་ཀྲའོ་ལེན་ཧེ་རྒྱ་གཞུང་གིས་དངོས་སུ་འཛིན་བཟུང་བྱས་པ།
རང་ལོ་བརྒྱད་ཅུར་ཟིན་པའི་ཨེ་ཙིའི་ནད་པའི་སྐོར་གྱི་སྒེར་དབང་སྲུང་སྐྱོབ་པ་རྒས་མོ་ཀོའོ་ཡོ་ཀྱེ་རྒྱ་ནག་ནས་ཨ་རིར་གྱར་རྗེས་རྒྱ་ནག་ནང་ཨེ་ཙིའི་ན་ཚའི་སྐོར་གྱི་དོན་དངོས་ཕྱིར་བསྒྲགས་བྱས་པ་།
རྒྱ་ནག་ཀོང་ཀྲིག་མི་མང་སྟོང་ཁྲག་ནས་རྒྱ་ནག་གཞུང་གིས་ཧྥན་ཡུ་ས་ཁུལ་དུ་གད་སྙིགས་མེར་བསྲེགས་བཟོ་གྲྭར་བསྐྲུན་པར་ངོ་རྒོལ་བྱས་ཤིང༌།ཀོང་ཀྲི་གྲོང་ཁྱེར་སྲིད་གཞུང་དུ་ངོ་རྒོལ་གྱི་ལས་འགུལ་སྤེལ་སྐབས་ཉེས་རྟོག་པས་མི་མང་ཁ་གཏོར་བཏང་བ།
ཟླ་བ་བཅུ་གཉིས་པ།
རྒྱ་ནག་གཞུང་དུ་བསམ་ཚུལ་ལྡོག་ཕྱོགས་སྨྲ་མཁན་མཁས་དབང་ལེའུ་ཞོ་པོ་ལ་གཞུང་ངོས་ནས་བགྲང་བྱ་བཅུ་གཅིག་གི་བཙོན་ཁྲིམས་བཅད་པར་རྒྱལ་སྤྱིའི་གླེང་ཕྱོགས་ནས་གླེང་སློང་ཤུགས་ཆེར་བྱས་པ།ཐའེ་ཝན་གྱི་ཤེས་ཡོན་པ་རྣམས་ནས་ལེའུ་ཞོ་པོར་སྨྲ་བརྗོད་ཁོ་ནས་ཁྲིམས་ཆད་ཕོག་པར་བརྟེན།མི་རྣམས་ནས་དམར་ཤོག་སྲིད་དབང་སྒེར་སྡོམ་པར་སླར་འཇིགས་སྣང་གི་ཚོར་ཤུགས་སླེབས་པ་དེས་མཚོ་ངོགས་ཕྱོགས་གཉིས་ཀྱི་ཞི་བདེ་དང་གཅིག་གྱུར་ལ་བཀག་འགོག་བྱུང་ཡོད་ཚུལ་བརྗོད་པ་རེད།
ཧང་ཁོང་ནས་2010ལོའི་ལོ་གསར་ཉིན་མི་མང་ཁྲི་ལ་བརྒལ་བ་རྣམས་ནས་དམངས་གཙོའི་ཁྲོམ་བསྐོར་ཆེན་མོ་སྤེལ་ནས་ལེའུ་ཞོ་པོ་སློད་གྲོལ་དགོས་པའི་རེ་འདུན་བཏོན་ཡོད་པ་རེད།
རྒྱ་ནག་སྐམ་ས་ཆེན་མོའི་གསར་ལམ་ཁག་ནས་དོན་རྐྱེན་དེའི་སྐོར་བརྗོད་མེད་ལྷིང་འཇགས་སུ་གནས་ཡོད་ཀྱང༌། ཤེས་ཡོན་པ་རྣམས་པེ་ཅིང་གློག་བརྙེན་སློབ་གྲྭ་ཆེན་མོའི་སློབ་དཔོན་ཆེན་མོ་ཚུའེ་ཝེ་ཕིང་གི་སྒེར་གཉེར་དྲ་རྒྱའི་ཐོག་གནས་ཚུལ་དེར་ངོ་རྒོལ་གྱི་གཏམ་བཤད་མང་པོ་སྤེལ་བའི་རྐྱེན་གྱིས་དྲ་རྒྱའི་དོ་བདག་ཚུའེ་ཝེ་ཕིང་འཛིན་བཟུང་དང་ཁྲིམས་ཆད་ཕོག་པ།
སྐབས་དེའི་དུས་ཀྱི་2009ལོའི་ལོ་མཇུག་ཏུ་མཁས་དབང་ལེའུ་ཞོ་པོའི་དོན་རྐྱེན་བྱུང་བར་བརྟེན་ནས་རྒྱ་ནག་སྐམ་ས་ཆེན་མོར་2010ལོའི་དམངས་ཁྲོད་དུ་རྒྱ་བསྐྱེད་སོང་བའི་དམངས་ཀྱི་ཁེ་དབང་སྲུང་སྐྱོབ་ཀྱི་ལས་འགུལ་འགོ་བཙུགས་ཐུབ་པ་བྱུང་བ་རེད།
ཡོང་ཁུངས། ཧྥ་ཀང་རྩོམ་པ་པོ་ནས་2010ལོའི་ཟླ་1ཚེས་28ཉིན་སྤེལ།
